དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཀྱི་སྐྱེ་ཁམས་ཚད་ལྡན་རྣམ་གྲངས་གཉེར་སྐྱོང་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-23

     ལས་མིས་འཁོར་ཁང་ནང་གི་ཆུ་གཙང་གསིང་འཕྲུལ་འཁོར་གྱི་གཅུས་སྒོར་ཞིབ་བཤེར་བྱེད་བཞིན་པ།

    ཀྲུང་གོ་དང་ཧ་སག་སི་ཐན་གྱི་ལས་མིས་ཆུ་གཙང་མ་གསོག་ཁུལ་དུ་ལས་ཀའི་སྐོར་གླེང་བཞིན་པ། (གོང་གསལ་པར་རིས་འདི་གཉིས་ཀྲུའུ་ཡུང་ཅུན་གྱིས་པར་བླངས)

    ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཧ་སག་སི་ཐན་གྱི་KBMསྣུམ་ཞིང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ(KBMརྣམ་གྲངས)མི་རིང་བའི་གོང་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། KBMརྣམ་གྲངས་ནི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་ཧ་སག་སི་ཐན་དང་དེ་བཞིན་ཨེ་ཤེ་ཡ་དབུས་མའི་ས་ཁུལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཚད་ལྡན་རྣམ་གྲངས་ཤིག་ཡིན་ཞིང་། དེ་ནི་ཀྲུང་གོ་ཀྲུང་ཤིན་ཚོགས་པའི་ཁོངས་གཏོགས་ཀྱི་ཀྲུང་ཤིན་ཁོར་ཡུག་མ་འཇོག་གིས་སྐྲུན་འགན་འཁུར་བ་ཞིག་རེད། རྣམ་གྲངས་དེར་ཁྱོན་ཚྭ་མེད་ཆུ་ཐོན་སྐྱེད་གཙང་གསིང་བྱེད་ས་4ཡོད་པ་དང་། བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་ཁྲི་4.25ཟིན་པ། ཚྭ་མེད་ཆུ་ཐོན་སྐྱེད་བྱེད་ནུས་ཉིན་རེར་ཏུན་ཁྲི་1.7ཟིན་པས། སྣུམ་ཞིང་ཡོངས་ཀྱི་བཟོ་ལས་ཐད་སྤྱོད་པའི་ཆུའི་དགོས་མཁོ་90%སྐོང་ཐུབ་པ་དང་ཆབས་ཅིག ས་གནས་དེ་གའི་ཆུའི་ཐོན་ཁུངས་དཀོན་པ་དང་ཁོར་ཡུག་སྦགས་བཙོག་སོགས་ཀྱི་དམངས་འཚོའི་གནད་དོན་གལ་ཆེན་ཡང་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཆང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།