དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲངས་གཞིའི་མཛོད་དྲ་ཐོག་ཏུ་བཏོན་ནས་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་བས་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག མི་དམངས་དཔེ་སྐྲུན་ཁང་གིས་འབྲེལ་ཡོད་ཚན་པ་དང་མཉམ་འབྲེལ་ཐོག་གསར་སྤེལ་དང་བཙུགས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲངས་གཞིའི་མཛོད་ཚེས་21ཉིན་སྐབས་བཅུ་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་གྲངས་འཛིན་དཔེ་སྐྲུན་དངོས་མང་སྟོན་ཚོགས་ཐོག་དངོས་སུ་དྲ་ཐོག་ཏུ་བཏོན་ནས་ཡོངས་བསྒྲགས་བྱས་པ་རེད།

    གྲངས་གཞིའི་མཛོད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། གསུང་རྩོམ། མཛུབ་སྟོན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན་སོགས་དང་། དེ་བཞིན་འབྲེལ་ཡོད་དཔེ་དེབ་དང་གསར་འགྱུར་གཏོང་སྤེལ་བཅས་དུས་ཐོག་ཏུ་གཅིག་སྡུད་དང་གསར་པ་བརྗེས་ནས་དབང་གྲགས་རང་བཞིན་དང་། ཆེད་ལས་རང་བཞིན། གོ་ཆོད་རང་བཞིན་བཅས་འབུར་དུ་ཐོན་པ་བྱས་ཡོད། གྲངས་གཞིའི་ནང་དོན་གྱི་རྨང་གཞིའི་ཐོག་ནང་དོན་འདྲི་རྩད་དང་། འཚོལ་བཤེར་གནད་འཁེལ། འདྲེན་ཚིག་བསྡུར་བ་སོགས་ཀྱི་ནུས་པ་གསར་སྤེལ་བྱས་ཏེ། ཀློག་པ་པོས་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱ་རྒྱུར་སྟབས་བདེ་བསྐྲུན་ནས། སློབ་ཁྲིད་དང་ཚན་ཞིབ་ཚན་པ་དང་དེ་བཞིན་དཔེ་སྐྲུན་སྒྲིག་གཞིར་ཞིབ་འཇུག་དང་བེད་སྤྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

    གྲངས་གཞིའི་མཛོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཞིབ་འཇུག་དང་འཆད་འགྲེལ་བྱ་ཆེད། ཕྱོགས་ཡོངས་དང་ཕུན་སུམ་ཚོགས་པའི་ཆ་འཕྲིན་མཁོ་འདོན་བྱས་ཡོད་པས། དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་དང་མང་ཚོགས་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་དབང་གྲགས་ལྡན་པའི་གྲངས་འཛིན་དཔེ་སྐྲུན་ནང་དོན་གྱི་ལས་སྟེགས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།