དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་2024ལོའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-23

    འདི་ལོའི་ཟླ་9ཚེས་21ཉིན་ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་24པ་རེད། ཚེས་21ཉིན་རང་ལྗོངས་ཀྱི་ས་གནས་མང་པོར་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་ལས་བྱེད་པ་དང་། མང་ཚོགས། ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་གི་འདུ་ཤེས་དང་རྒྱལ་གཅེས་བརྩེ་སེམས་ཟབ་ཏུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་སྲུང་ལ་དོ་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན་བྱེད་པའི་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད་རེད།

    མངའ་རིས་ས་ཁུལ་ཞང་ཞུང་རིག་གནས་ཐང་ཆེན་དུ་ས་ཨུད་དྲིལ་བསྒྲཌ་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་ཅུས་སོགས་སྡེ་ཚན་མང་པོས་དྲིལ་བསྒྲགས་འགྲེམས་པང་འཛུགས་པ་དང་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་སྤྲོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་རྒྱལ་སྲུང་ཤེས་བྱ་ཁྱབ་གདལ་བཏང་ཞིང་། བསྡོམས་དྲིལ་བསྒྲགས་ལག་དེབ་1000ལྷག་ཙམ་དང་དྲིལ་བསྒྲགས་ཐོན་རྫས་600ལྷག་ཙམ་སྤྲད་པ་རེད།

    ཟླ་9ཚེས་20ཉིན་གྱི་ཕྱི་དྲོ་ལྷ་ས་གྲོང་ཁྱེར་རྔ་ཆེན་ཁྲོམ་གཞུང་གི་གཞི་རིམ་དྲག་ཆས་པུས་རྔ་ཆེན་སློབ་ཆུང་དུ་ཁྲེང་ཀོན་ཆུས་དྲག་ཆས་པུའུ་ཡི་མི་སྣ་གདན་དྲངས་ནས་དགེ་སློབ་ཚོར་གསོན་ཉམས་དོད་པའི་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཞིག་ཁྲིད་པ་རེད། གསལ་འགྲེལ་པས་རྒྱལ་སྲུང་གི་གལ་ཆེའི་རང་བཞིན་དང་དེའི་ཁྲོད་ཀྱི་གཞོན་ནུ་ལོ་ཆུང་གི་འགན་འཁྲི་དོན་ཟབ་ལ་གོ་བདེ་བའི་ཐོག་ནས་རྒྱས་བཤད་བྱས་ཏེ། སློབ་མ་ཚོའི་རྒྱལ་སྲུང་བྱ་གཞག་ལ་དགའ་སྣང་བྱེད་ཚད་ཆེ་རུ་བཏང་བ་མ་ཟད། ཁོང་ཚོའི་སེམས་ནང་མེས་རྒྱལ་ལ་དགའ་ཞེན་དང་རྒྱལ་སྲུང་ལ་དོ་ཁུར་བྱེད་པའི་ས་བོན་ཞིག་བཏབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།