ཀྲུང་གོས་ཐང་རྒོད་ཅན་ལ་འཐབ་རྩོད་བྱས་པར་གྲུབ་འབྲས་ཐོབ་བཞིན་པ།
འདི་ནི་ཟླ་8ཚེས་27ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ལིན་ཙི་རྫོང་བྱང་རྒྱུད་ཀྱི་ཐང་རྒོད་ཅན་གྱི་བྱེ་འགོག་བྱེད་བཅོས་ལས་གྲྭའི་ལས་ཡུལ་དངོས་སུ། ཚན་རིག་ཞིབ་འཇུག་པས་ཤིང་སུའོ་སུའོ་ཡི་སྐྱེ་འཚར་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས། གོམ་སྟབས་རྗེས་མར་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བྱེ་བཅོས་བྱེད་པར་རྨང་གཞི་བཏིང་ཡོད།
གོ་ལ་ཧྲིལ་པོའི་75%ཡན་གྱི་ས་ཆའི“སྐྱེ་ནུས་ཉམས་ཟིན”པ་དང་དེའི་ཁྲོད་ཀྲུང་གོ་ནི་ཐང་རྒོད་ཅན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། འོན་ཏེ་འདས་པའི་ལོ་20ཡི་རིང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ཤུགས་ཆེན་བྱས་པ་བརྒྱུད། ཐང་རྒོད་ཅན་དང་འབྲེལ་བའི་དཔྱིད་དུས་ཀྱི་བྱེ་རླུང་ལྡང་ཚད་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད། ཀྲུང་གོ་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས། ཀྲུང་གོའི་དཔྱིད་དུས་ཀྱི་བྱེ་རླུང་ལྡང་བའི་གནམ་གཤིས་1981ལོ་ནས་2010ལོའི་བར་གྱི་ཆ་སྙོམས་ཐེངས་གྲངས་17ནས་ཉེ་བའི་ལོ་10རིང་གི་ཆ་སྙོམས་ཐེངས་གྲངས་9.2བར་ཆག་ཡོད། འོན་ཀྱང་དེ་སྔར་བཞིན་འགྲན་རྩོད་དྲག་པོ་ཞིག་ཡིན་ཞེས་བརྗོད།
དུས་རབས་20པའི་ལོ་རབས་50ནས་བཟུང་། པེ་ཅིང་གིས་ཐོག་མཐའ་བར་གསུམ་དུ་བྱེ་རླུང་ལྡང་ཚད་དམའ་རུ་དང་ཤུགས་རྐྱེན་ཆུང་དུ་བཏང་སྟེ་བྱེ་ཐང་གིས་གྲོང་ཁྱེར་དང་ས་རྒྱུ་གཤིན་པའི་རྨོ་ཞིང་ལ་བསླད་སྐྱོན་མི་གཏོང་བའི་ཐབས་ཤེས་བཙལ་བ་དང་། 1978ལོར“ལྗང་མདོག་ལྕགས་རི་རིང་པོའི”“བྱང་གསུམ”ཞེས་འབོད་པའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། ཀྲུང་གོར་ཐང་རྒོད་ཅན་གྱི་གནད་དོན་ཐག་གཅོད་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོས་གཙོ་གནད་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་ཐུབ་པའི་བྱེ་གྱུར་ས་ཆ་53%ལ་བཅོས་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།
—— དབྱིན་ཇིའི《གཟའ་འཁོར་གཅིག》གཟའ་འཁོར་དུས་དེབ་ཀྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།