དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མི་མེད་བདལ་གཏོང་རླངས་འཁོར་མགྱོགས་མྱུར་ཁྱབ་གདལ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-22

    འདི་ནི་ཧྲེན་ཀྲེན་གྲོང་ཁྱེར་ཕིང་ཧྲན་ཆུས་ཀྱི་གཞུང་ལམ་དུ་མི་མེད་རླངས་འཁོར་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལེང་ཤུས་ཀྱིས་པར་བླངས།

    ཉེ་བའི་རིང་། པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་ཀྲུང་གོའི་གྲོང་ཁྱེར་གྱིས་བྱ་སྤྱོད་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་རང་འགུལ་ཁ་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་བཏང་བའི་ནང་། བདེ་འཇགས་མི་སྣ་བཀོད་སྒྲིག་བྱས་མེད་པའི་མི་མེད་བདལ་གཏོང་རླངས་འཁོར་བཏང་ནས་འགྲོ་ལམ་ཐོག་སྐྱོད་ཆོག་པས་མི་མེད་ཁ་སྒྱུར་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་ཆེར་ཕྱིན་ཡོད། གསར་དར་ལས་རིགས་དེར་དམིགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ལྟ་འདོམས་ཀྱི་ཇུས་གཞི་ཞིབ་ཕྲ་བཟོ་ཆོག་པའང་ཚུད་ཡོད། “ཐོན་སྐྱེད་ནུས་ཤུགས་གསར་མའི”མ་འཇོག་གི་གྲས་ཤིག་ཡིན་པའི་ངོས་ནས་མིག་སྔར་ཀྲུང་གོར་སྤྱི་ལེ་ཁྲི་3.2ལྷག་ཙམ་ཟིན་པའི་ཚོད་ལྟའི་དཔེ་སྟོན་འགྲོ་ལམ་དུ་རབས་གསར་པའི་མི་མེད་བདལ་གཏོང་རླངས་འཁོར་གཏོང་ཆོག་གི་ཡོད།

    ཀྲུང་གོས་སྔ་ཕྱི་བར་གསུམ་དུ“རླངས་འཁོར་དང་། གཞུང་ལམ། སྤྲིན་ཚོམ་མཐའ་སྣེ་བཅས་གཞི་གཅིག་ཅན”འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རང་འགུལ་ཁ་སྒྱུར་གྱི་ཁྱབ་གདལ་ལ་སྐུལ་འདེད་བཏང་ཡོད། ལམ་འགྲམ་གྱི་ཚོར་ཆས་བཀོད་སྒྲིག་བྱེད་པ་དང་ཆབས་ཅིག གཅིག་གྱུར་གྱི་སྤྲིན་ཚོམ་མ་ལག་སྤྱད་ནས་རང་འགུལ་ཁ་སྒྱུར་གྱི་བདལ་གཏོང་རླངས་འཁོར་གྱིས་ཐབས་ཇུས་དེ་བས་ལེགས་པ་འདོན་རྒྱུར་རོགས་རམ་ཐུབ་པ་དང་། དེ་ལས་བཟོ་སྐྲུན་ཚོང་པའི་མ་གནས་ཆུང་དུ་ནུས་ལྡན་འགྲོ་ཐུབ་ལ་རྩེར་སོན་ལག་རྩལ་དབར་གྱི་ཧེ་བག་ཀྱང་ཆུང་དུ་ནུས་ལྡན་གཏོང་ཐུབ། དབྱེ་ཞིབ་མི་སྣས་འབད་བརྩོན་དེ་དག་ལ་མྱུར་དུ་གྲུབ་འབྲས་ཐོབ་ངེས་ཡིན་པ་བརྗོད་ཡོད། ཀྲུང་གོས“རླངས་འཁོར་དང་། གཞུང་ལམ། སྤྲིན་ཚོམ་མཐའ་སྣེ་བཅས་གཞི་གཅིག་ཅན”གྱི་བཀོལ་སྤྱོད་ཚོད་ལྟའི་ནང་ཚུད་པའི་གྲོང་ཁྱེར་20གཏན་འཁེལ་བྱས་ཏེ་རང་འགུལ་ཁ་སྒྱུར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། དེ་དང་ཆབས་ཅིག་ཀུང་སི་ཁག་གི་འབྲེལ་ཡོད་ཚོད་ལྟའི་ལམ་ཚད་རིམ་རྩིས་བྱས་ན་སྤྱི་ལེ་དུང་ཕྱུར་1.2ལྷག་ཙམ་ཟིན་ཡོད།

    —— ཨ་རིའི《ཧྭར་ཁྲོམ་གཞུང་ཉིན་རེའི་ཚགས་པར》དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།