སྤུས་ལེགས་འབྲས་ལ་ལོ་ལེགས་བྱུང་བ།
འདི་ནི་ཟླ་9ཚེས་20ཉིན་ཐན་ཁུལ་གྱི་སྤུས་ལེགས་འབྲས་འདེབས་འཛུགས་དཔེ་སྟོན་ཁུལ་དུ་ས་གནས་དེ་གའི་མང་ཚོགས་ཀྱིས་ཞིང་ནང་དུ་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་ཀེ་ཅིའུ་གྲོང་ཁྱེར་ཁ་ཧྥང་གྲོང་རྡལ་གྱི་ཐན་ཁུལ་གྱི་སྤུས་ལེགས་འབྲས་འདེབས་འཛུགས་དཔེ་སྟོན་ཁུལ་དུ་ལོ་ལེགས་ཀྱི་དུས་ཚིགས་ཤར་ཞིང་། ས་གནས་དེ་གས་དམངས་སྲོལ་འཁྲབ་སྟོན་དང་སྟོན་བསྡུའི་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུས་པ་རེད།