དབུ་ཤོག
  • སྒོ་འབྱེད་པའི་དུས་ཚོད་ནར་འགྱངས་བྱ་རྒྱུའི་སྐོར་གྱི་གསལ་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-09-21

    གུས་ཤིང་བརྩེ་བའི་ཀློག་པ་པོ་རྣམ་པ།

    སྐུ་ཁམས་བཟང་།

    དང་ཐོག་ཚང་མས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་དང་དགའ་ཞེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་གཞི་2024ལོའི་ཟླ་9ཚེས་5ཉིན་དཔེ་མཛོད་ཁང་སྒོ་འབྱེད་རྒྱུ་ཡིན་མོད། འོན་ཀྱང་། ད་ལྟ་གྲུབ་བཞིན་པའི་རྣམ་གྲངས་ཀྱི་ལས་འབོར་ཆེ་བས་ཐོག་མའི་སྔོན་དཔག་ལྟར་ལེགས་གྲུབ་བྱུང་མེད། ལས་གྲྭའི་སྤུས་ཚད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་ཚང་མར་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་དཔེ་ཀློག་གི་ཁོར་ཡུག་ཅིག་གཏོད་ཆེད། དཔེ་མཛོད་ཁང་ཏང་ཨུད་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། དཔེ་མཛོད་ཁང་སྒོ་འབྱེད་པའི་དུས་ཚོད་2024ལོའི་ཟླ་10ཚེས་1ཉིན(གཟའ་མིག་དམར)བར་ནར་གྱངས་བྱེད་རྩིས་ཡོད། སྒོ་འབྱེད་པའི་དུས་ཚོད་ནར་འགྱངས་བྱས་པ་དེས་ཚང་མར་སྟབས་མི་བདེ་བ་བཟོས་པར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན་ལ། ཨར་ལས་ཀྱི་མྱུར་ཚད་ལ་དོ་ཁུར་བྱ་རྒྱུ་དང་ཨར་སྐྲུན་ཚན་པས་ཨར་པོའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་འདི་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་གང་མགྱོགས་སྒོ་ཕྱེ་ཐུབ་པར་འགན་ལེན་བྱ་རྒྱུ་ཡིན། རིག་གནས་བྱེད་སྒོ་སྤེལ་ས་གལ་ཆེན་ཞིག་ཡིན་པའི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀློག་པ་པོའི་བདེ་འཇགས་དང་ཉམས་ལེན་ཨང་དང་པོར་འཇོག་གི་ཡོད། ད་ཐེངས་དཔེ་མཛོད་ཁང་སྒོ་འབྱེད་པའི་དུས་ཚོད་ནར་འགྱངས་བྱས་པ་དེས་ཀློག་པ་པོར་སྟབས་མི་བདེ་བ་བཟོས་མོད། འོན་ཀྱང་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་དཔེ་ཀློག་གི་ཁོར་ཡུག་ཅིག་སྐྲུན་ཆེད་དགོས་ངེས་ཀྱི་ཐབས་ཇུས་འདི་བཏོན་པ་ཡིན།

    སྒོ་རྒྱག་རིང་གནས་སྐབས་ཞབས་ཞུ་མཚམས་འཇོག་བྱ་རྒྱུ་དང་། གལ་ཏེ་འགྱུར་བ་བྱུང་ཚེ་བརྡ་ཐོ་གཏོང་རྒྱུ་ཡིན། སྒོ་རྒྱག་རིང་དེ་གོང་གཡར་བའི་ཚད་ལྡན་ཡིག་ཆ་རྣམས་ཕྱིར་སྤྲོད་པའི་དུས་ཚོད་དེ་མཚུངས་ཀྱིས་ནར་འགྱངས་བྱ་རྒྱུའམ་ཡང་ན་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གྲོང་ཁྱེར་དེབ་ཁང་དུ་ཕྱིར་བསློགས་ན་འགྲིག དྲ་ཕྱིའི་བྱེད་སྒོ་ཚང་མ་དྲ་ཐོག་དང་དཔེ་མཛོད་ཁང་གི་ཕྱི་རོལ་དུ་སྤེལ་རྒྱུ་དང་། སྔོན་གཏན་འཁེལ་བའི་དྲ་ཐོག་ཞབས་ཞུ་རྒྱུན་གཏན་ལྟར་སྤེལ་རྒྱུ་ཡིན།

    ཚང་མས་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ།

    བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས།

    2024ལོའི་ཟླ་9ཚེས་14ཉིན།


    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།