དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཀྲེ་ཅང་ཧང་ཀྲོའུ་རུ་འཚོག་རྒྱུ་ཡིན་པ།

    རྒྱལ་ཁབ་དང་ས་ཁུལ་32ཀྱི་སྣེ་འདྲེན་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-21

    ཟླ་9ཚེས་25ནས་ཚེས་29ཉིན་བར། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གསུམ་པ་ཀྲེ་ཅང་ཧང་ཀྲོའུ་རུ་འཚོག་རྒྱུ་ཡིན་ཞིང་། ཟླ་9ཚེས་18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    “ཚོང་དོན་པུའུ་དང་ཀྲེ་ཅང་ཞིང་ཆེན་གྱིས་གྲངས་འཛིན་ཚོང་དོན་སྟོན་ཚོགས་སྐབས་གསུམ་པའི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། གྲངས་འཛིན་ཚོང་དོན་སྒྱུར་བཅོས་དང་གསར་གཏོད་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གོ་ལ་ཧྲིལ་པོའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་འགྲེམས་སྟོན་བྱ་རྒྱུ་རེད”ཅེས་ཚོང་དོན་པུའི་པུའུ་ཀྲང་ལས་རོགས་ཐང་ཝུན་ཧུང་གིས་བཤད།

    སྒོ་དབྱེར་དམིགས་ནས། འགྲེམས་སྟོན་ཐོག་རྒྱལ་ཁབ་དང་ས་ཁུལ་32ཀྱི་སྣེ་འདྲེན་ཁེ་ལས་འགྲེམས་སྟོན་ནང་ཞུགས་པས་རྒྱལ་སྤྱིའི་ཁེ་ལས་འགྲེམས་སྟོན་ནང་ཞུགས་པའི་གྲངས་འབོར་དང་རྒྱ་ཁྱོན་གྱི་བསྡུར་ཚད་ཆ་སྙོམས་20%ལྷག་ཙམ་བཟུང་ཡོད། གཙོ་མགྲོན་རྒྱལ་ཁབ་ཧ་སག་སི་ཐན་དང་ཐེ་ལན་གྱིས་རྒྱལ་ཁབ་ཀྱི་འགྲེམས་ཁང་འཛུགས་རྒྱུ་རེད་ལ། ད་དུང་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་འགྲེམས་ཁང་དང་ཕྱི་རྒྱལ་གྱི་ཐོན་ལས་འགྲེམས་ཁང་ཐོག་མར་འཛུགས་རྒྱུ་དང་ཨ་རིའི་པོ་ཧྲི་ཏུན་སོགས་གྲོང་ཁྱེར་གྱིས་ཁེ་ལས་སྒྲིག་འཛུགས་བྱས་ནས་གཅིག་སྡུད་ཐོག་འགྲེམས་སྟོན་ནང་ཞུགས་རྒྱུ་རེད།

    ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ལུའུ་ཧྲན་གྱིས། ཁེ་ལས་1500ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུའི་གཏན་འཁེལ་བྱས་པའི་ཁྲོད་རྒྱལ་སྤྱིའི་ཁེ་ལས་300ལྷག་ཙམ་ཡོད་པ་དང་། ཆེད་ལས་ཉོ་སྒྲུབ་ཚོང་པ་ཁྲི་3ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུའི་ཐོ་འགོད་བྱས་པའི་ཁྲོད་རྒྱལ་སྤྱིའི་ཚོང་པ་6000ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།