ལེའོ་ཉིང་ཧྲེན་དབྱང་དུ་ཅོང་བརྡུངས་ནས་དགུ་པའི་བཅོ་བརྒྱད་ཀྱི་ཉིན་མོ་བརྗེད་མི་རུང་བའི་ཉེན་གཏོང་མཛད་སྒོ་གཉེར་བ།
ད་ལོ་ནི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་ཐོན་ནས་ལོ་93འཁོར་བའི་ལོ་ཡིན་ཞིང་། ཟླ་9ཚེས་18ཉིན། ཧྲེན་དབྱང“དགུ་པའི་བཅོ་བརྒྱད”ལོ་རྒྱུས་རྟེན་མཛོད་ཁང་གི་རྡོ་རིང་ཐང་ཆེན་དུ་ཅོང་བརྡུངས་ནས་དགུ་པའི་བཅོ་བརྒྱད་ཀྱི་ཉིན་མོ་བརྗེད་མི་རུང་བའི་ཉེན་གཏོང་མཛད་སྒོ་གཉེར་ཞིང་། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་འཐུས་མིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་དྲན་གསོ་ཞུས་ཏེ། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་འཛིན་བྱེད་པའི་ཆོད་སེམས་མཚོན་པར་བྱས་པ་རེད།