དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཇར་མན་གྱི་ཧན་ནུའོ་ཝེ་རྒྱལ་སྤྱིའི་འགྲིམ་འགྲུལ་དངོས་མང་སྟོན་ཚོགས་སུ་ཀྲུང་གོའི་འགྲེམས་སྟོན་ཚོང་པ་ཞུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-21

    འདི་ནི་ཟླ་9ཚེས་16ཉིན་འཇར་མན་ཧན་ནུའོ་ཝེ་རྒྱལ་སྤྱིའི་འགྲིམ་འགྲུལ་སྐྱེལ་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྨྱན་སྦྱོར་གྲ་སྒྲིག་འགྲེམས་སྟོན་ཐོག་ལྟད་མོ་བས་ཧྲའན་ཤིས་རླངས་འཁོར་མ་རྐང་ཚད་ཡོད་ཀུང་སིའི་འགྲེམས་ཁུལ་དུ་རླངས་འཁོར་ཞིག་ལ་རྒྱུས་མངའ་ལོན་བཞིན་པ།

    འདི་ནི་ཟླ་9ཚེས་16ཉིན་འཇར་མན་གྱི་ཧན་ནུའོ་ཝེ་རྒྱལ་སྤྱིའི་འགྲིམ་འགྲུལ་སྐྱེལ་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྨྱན་སྦྱོར་གྱི་གྲ་སྒྲིག་འགྲེམས་ཚོགས་ཐོག་མི་ཚོས་ཤར་རླུང་རླངས་འཁོར་འགྲེམས་ཁུལ་དུ་E-STARV7ཚོང་སྤྱོད་རླངས་འཁོར་ཞིག་ལ་ལྟ་སྐོར་བྱེད་བཞིན་པ།

    2024ལོའི་འཇར་མན་གྱི་ཧན་ནུའོ་ཝེ་རྒྱལ་སྤྱིའི་འགྲིམ་འགྲུལ་སྐྱེལ་འདྲེན་དངོས་མང་སྟོན་ཚོགས་ཚེས་17ཉིན་ཧན་ནུའོ་ཝེར་དངོས་སུ་འགོ་ཚུགས་ཏེ་འཇར་མན་དང་། ཀྲུང་གོ རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་གྱི་ཁེ་ལས་1700ཙམ་འགྲེམས་སྟོན་ལ་ཞུགས་པའི་ནང་ཀྲུང་གོའི་འགྲེམས་ཞུགས་ཚོང་པ་460ལྷག་ཙམ་ཟིན་ཡོད། ཧན་ནུའོ་ཝེ་རྒྱལ་སྤྱིའི་འགྲིམ་འགྲུལ་སྐྱེལ་འདྲེན་དངོས་མང་སྟོན་ཚོགས་ནི་གོ་ལ་ཧྲིལ་པོའི་ཚོང་སྤྱོད་རླངས་འཁོར་ཁྱབ་ཁོངས་ཀྱི་འགྲེམས་ཚོགས་གལ་ཆེན་ཤིག་ཡིན་པ་དང་དེའི་སྔ་མིང་ནི་ལོ་གཉིས་ལ་སྐབས་རེ་གཉེར་བའི་ཧན་ནུའོ་ཝེ་རྒྱལ་སྤྱིའི་ཚོང་སྤྱོད་རླངས་འཁོར་འགྲེམས་ཚོགས་ཟེར་ཞིང་། འདི་ལོའི་འགྲེམས་ཚོགས་དུས་ཡུན་ཉིན་6རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།