དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང”(ཧྥ་རན་སེ)གི་གསར་གཏོད་མཉམ་ལས་ཀྱི་འགྲེམས་ཚོགས་ཕ་རི་སིར་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-21

    ཚེས་17ཉིན་ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པ་དང་ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོང་ལས་ལས་རིགས་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་འཁུར་བའི་དུས་ཡུན་ཉིན་3གྱི“ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང”(ཧྥ་རན་སེ)གི་གསར་གཏོད་མཉམ་ལས་ཀྱི་འགྲེམས་ཚོགས་ཧྥ་རན་སེའི་ཕ་རི་སིའི་ཧྥན་ཨེར་སའེ་མོན་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད།

    “ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ཡོན་ལྷན་ཁང”(ཧྥ་རན་སེ)གི་གསར་གཏོད་མཉམ་ལས་ཀྱི་འགྲེམས་ཚོགས་2024ལོའི་ཕ་རི་སིའི་སིལ་ཚོང་ལས་རིགས་ཀྱི་འགྲེམས་ཚོགས་ལྟེ་གནས་སུ་འགྲེམས་སྟོན་བྱས་པ་དང་ཀྲུང་ཧྥའི་མཉམ་ལས་གྲུབ་འབྲས་དང་། ནུས་རྒྱུ་གསར་པའི་ཐོན་རྫས། མིས་བཟོས་རིག་ནུས་ལག་རྩལ་དང་ཐོན་རྫས། ཚན་རྩལ་གསར་གཏོད་ཐོན་རྫས། རྩེར་སོན་འཛད་སྤྱོད་ཐོན་རྫས། བསམ་བཀོད་ཐོན་རྫས། དྲ་ཐོག་སིལ་ཚོང་ཞབས་ཞུ་སོགས་འགྲེམས་རྫས་མང་པོ་ཡོད།

    སྐབས་འདིའི་ཕ་རི་སིའི་སིལ་ཚོང་ལས་རིགས་ཀྱི་འགྲེམས་སྟོན་ཚོགས་འདུ་དེ་ཟླ་9ཚེས་17ཉིན་ནས་ཚེས་19ཉིན་བར་ཧྥན་ཨེར་སའེ་མོན་ཚོགས་འགྲེམས་ལྟེ་གནས་སུ་གཉེར་བ་དང་འགྲེམས་ཚོགས་དེའི་དམིགས་ཡུལ་ནི་ཚོང་ལས་ཇུས་འགོད་དང་དེ་བཞིན་སིལ་ཚོང་ལས་རིགས་ཚོང་དོན་ཕྱོགས་བསྡུས་འགྲེམས་སྟོན་བྱ་ཆེད་ཡིན་ཞིང་དེས་འབྲེལ་ཡོད་ཁྱབ་ཁོངས་དང་ལས་རིགས་ཀྱི་སྔོན་ཐོན་གྱི་ཇུས་འགོད་འདུ་ཤེས་དང་འཕེལ་རྒྱས་ཁ་ཕྱོགས་མཚོན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།