སྐྱེལ་འདྲེན་-20རྟགས་ཅན་གནམ་གྲུ་ཨ་ཧྥེ་རི་ཁའི་མཁའ་འགྲུལ་མཁའ་སྐྱོད་དང་འགོག་སྲུང་གི་འགྲེམས་སྟོན་ལ་ཐོག་མར་འགྲེམས་སྟོན་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོ་རི་ཐོ་རི་ཡ་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཀྲུང་གོའི་མཁའ་དམག་གི་སྐྱེལ་འདྲེན་-20རྟགས་ཅན་གནམ་གྲུ་ཞིག་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ས་ཕོ་རི་ཐོ་རི་ཡར་འགོ་ཚུགས་པའི་ཨ་ཧྥེ་རི་ཁའི་མཁའ་འགྲུལ་མཁའ་སྐྱོད་དང་འགོག་སྲུང་གི་འགྲེམས་སྟོན་ལ་འགྲེམས་སྟོན་བྱས་ཤིང་། འདི་ནི་སྐྱེལ་འདྲེན་-20རྟགས་ཅན་གནམ་གྲུ་ལྷོ་ཨ་ཧྥེ་རི་ཁར་འཕུར་ཐེངས་དང་པོ་ཡིན་པ་དང་འབྲེལ། མཁའ་འགྲུལ་འགྲེམས་སྟོན་ཐོག་འགུལ་མེད་དང་འགུལ་རྣམ་གྱི་ཐོག་ནས་འགྲེམས་སྟོན་བྱེད་རྒྱུ་རེད།