མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་དགོས།
མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ།
ད་ལོ་ནི་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན། ཟིལ་རླབས་དགུང་འཕྱུར་གྱི་རྒྱང་སྐྱོད་ལམ་བུར་ཕྱིར་མིག་བལྟ་བ་དང་རེ་བས་ཁེངས་པའི་འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་བཏང་བ་དེས། མི་དམངས་དུང་ཕྱུར་མང་པོས་མཐུན་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་འབད་འཐབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་མཉམ་དུ་རྩོམ་པར་སྐུལ་འདེད་གཏོང་ཐུབ་ངེས་རེད།
ལོ་75ཡི་གོང་གི་ཟླ་9པར། ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁའི་གླུ་དབྱངས་ཁྲོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚང་འཛོམས་གྲོས་ཚོགས་སྐབས་དང་པོ་འཚོགས་པ་རེད། ལོ་75ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གསར་པ་འཛུགས་པ་དང་། ཀྲུང་གོ་གསར་པ་འཛུགས་སྐྲུན། སྒྱུར་བཅོས་ཀྱི་ལམ་བུ་འཚོལ་ཞིབ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ལག་ལེན་རླབས་པོ་ཆེར་ཧུར་ཐག་ཞུགས་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་ཀྱིས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་སེམས་ནུས་གཅིག་སྒྲིལ་གྱིས་མི་དམངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད།
དུས་རབས་གསར་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བ་མ་ཟད། མི་དམངས་སྲིད་གྲོས་ཀྱི་གནས་བབ་དང་ནུས་པ། དམིགས་འབེན་དང་ལས་འགན། འགན་འཁྲི་དང་འོས་འགན།
ལག་ལེན་དང་བླང་བྱ་བཅས་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་ཡོད། དེ་ནི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཁྲིད་སྟོན་བྱེད་པའི་བསམ་བློའི་མཚོན་ཆ་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྲིད་གྲོས་ལས་དོན་ལ་སྤྱི་འདོམས་བྱེད་པ་སྤྱིའི་རྩ་འཛིན་དུ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་འགན་ལེན་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་བརྟེན་ནས་ཇུས་འགོད་དང་ལས་དོན་སྤེལ་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།
གྲོས་མོལ་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་ལམ་ལུགས་ཀྱི་ཇུས་འགོད་གལ་ཆེན་ཞིག རང་རྒྱལ་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་དམིགས་བསལ་བྱེད་ཐབས་དང་ཁྱད་དུ་འཕགས་པའི་ལེགས་ཆ་ཞིག་བཅས་ཡིན། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་ནི། ཀྲུང་གོའི་ས་གཞི་གཤིན་པོར་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་རྐྱང་ཞིག་ཡིན་པ་དེས། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། ཐབས་ཇུས་བཟང་སྒྲིག འབྲེལ་བ་མཐུན་སྦྱོར། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ཐུན་མོང་མ་ཡིན་པའི་ནུས་པ་བཏོན་ཡོད་ལ། ཁྱད་འཕགས་ཀྱི་རང་བཞིན་ཆེན་པོ་དང་གསོན་ཤུགས་ཆེན་པོ་ལྡན་ཡོད། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བར། དུས་རབས་གསར་པའི་ཏང་མང་མཉམ་ལས་སྔར་བས་ཚད་ལྡན་དང་གོ་རིམ་ལྡན་ཞིང་གསོན་ཉམས་ལྡན་པར་སྐུལ་འདེད་གཏོང་དགོས་ལ། མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་སྲིད་གྲོས་སུ་ནུས་པ་གང་ལེགས་འདོན་པར་ཆ་རྐྱེན་བསྐྲུན་དགོས། མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་ཁྲོད་མཐུན་སྒྲིལ་རྒྱ་ཁྱབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་དམངས་གཙོ་ལག་བསྟར་བཅས་བྱས་ནས་དོན་དག་ཡོད་ན་གྲོས་མོལ་མང་ཙམ་བྱེད་པ་དང་། དོན་དག་འཕྲད་སྐབས་གྲོས་མོལ་མང་ཙམ་བྱེད་པ། དོན་དག་སྒྲུབ་སྐབས་གྲོས་མོལ་མང་ཙམ་བྱེད་པ་བཅས་ཀྱི་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྱད་ཆོས་དང་ལེགས་ཆ་གང་ལེགས་མངོན་པར་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ཡག་པོ་བཏོན་ནས་གྲོས་མོལ་དམངས་གཙོ་འགན་ནུས་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་པ་དང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་མཐའ་འཁྱོངས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ཏེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ། མཐུན་ཆ་ཆེ་ཤོས་འཚོལ་བར་འབད་བརྩོན་དང་བློ་སེམས་གཅིག་མཐུན་ཆེ་ཤོས་ཡོང་བ་བཅས་བྱས་ཏེ་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།
གཟི་བརྗིད་དང་ཕུགས་འདུན་ལྡན་པའི་རྒྱང་ལམ་གསར་པར་འབད་འཐབ་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་སེམས་གཅིག་མཐུན་དང་ཇུས་ཤུགས་མཉམ་འདོན། ཡིད་ཆེས་བརྟན་གཏོང་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་འབྱོར་བའི་གློག་འཕྲིན)