རྒྱལ་ཐོན་གནམ་གྲུ་ཆེ་གྲས་C919རྟགས་ཅན་ལྷ་སར་ཐོག་མར་འབྱོར་བ།

འདི་ནི་C919རྟགས་ཅན་གྱི་གནམ་གྲུ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབབ་པའི་གནས་ཚུལ་ཡིན་པ།
ཟླ་9ཚེས་19ཉིན། ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཀུང་སིའི་C919རྟགས་ཅན་གྱི་གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་ཆུ་ཚོད་2དང་སྐར་མ་8ཙམ་གྱི་རྗེས་སུ་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་བབས་པ་རེད། འདི་ནི་C919རྟགས་ཅན་གྱི་གནམ་གྲུ་ལྷ་སར་འཕུར་ཐེངས་དང་པོ་ཡིན་པ་དང་འབྲེལ། དཔེ་སྟོན་འཕུར་སྐྱོད་བྱེད་བཞིན་པའི་ARJ21རྟགས་ཅན་གྱི་གནམ་གྲུ་དང“འཛམ་གླིང་ཡང་རྩེར”མཉམ་འཛོམས་བྱུང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། C919རྟགས་ཅན་གནམ་གྲུ་དང་ARJ21རྟགས་ཅན་གནམ་གྲུ་གཉིས་ནི་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཀུང་སིའི་གནམ་གྲུ་རིགས་གཙོ་བོ་རེད། ད་ཐེངས་C919རྟགས་ཅན་གྱི་གནམ་གྲུ་ལྷ་སར་འབྱོར་རྗེས་ཁོར་ཡུག་མཁའ་རླུང་ཚོད་འཛིན་དང་། མཁའ་འགྲུལ་གློག་རྡུལ་མ་ལག སྒུལ་ཤུགས་སྒྲིག་སྦྱོར་སོགས་ས་མཐོ་ཡང་མཐོར་འགག་རྩའི་མ་ལག་འཁོར་སྐྱོད་བྱ་ཚུལ་ལ་ཞིབ་སྤེལ་ཚོད་ལྟའི་འཕུར་སྐྱོད་དང་། དེ་བཞིན་ས་མཐོ་ཡང་མཐོའི་གནམ་ཐང་དུ་འཕྲོད་ཤུགས་ཞིབ་བཤེར་བྱས་ནས་རྗེས་སུ་ས་མཐོ་ཡང་མཐོའི་མཁའ་ལམ་འཁོར་སྐྱོད་ཀྱི་དགོས་མཁོ་སྐོང་བ་དང་ས་མཐོའི་གནམ་གྲུ་ཞིབ་སྤེལ་བྱེད་པར་རྨང་གཞི་འདིང་རྒྱུ་རེད།