དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟར་ཁའི་སྡོང་པོ་མང་། དངུལ་སྨར་ཡོང་འབབ་བཟང་།

    —— ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གིས་སྟར་ཁའི་སྣུམ་གྱི་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    འདི་ནི་ཡུལ་མིས་སྟར་ཁ་བསྡུ་བཞིན་པ།

    འཕྲེད་རྒྱུག་རི་རྒྱུད་ཀྱི་ལྷོ་རྒྱུད་དུ་གནས་པའི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ནི་རི་ཚོགས་མཐོན་པོས་ཡོངས་སུ་བསྐོར་ཞིང་། རྒྱལ་མོ་རྔུལ་ཆུ་ལང་ལོང་དུ་རྒྱུག དེ་གར་རི་བོ་མཐོ་ཞིང་གྲོག་རོང་གཏིང་ཟབ་པ་དང་ཆ་སྙོམས་མཐོ་ཚད་སྨི་3800ཙམ་ཡོད་ལ། རང་བྱུང་ཆ་རྐྱེན་ལེགས་པས་མཛོ་སྒང་གི་སྟར་ཁ་སྐྱེ་འཚར་ཧ་ཅང་ཡག་པ་དང་། མཐོ་ས་ནས་རྒྱང་དུ་བལྟས་ན་གང་ས་ནས་ནམ་མཁར་ཟུག་འདྲའི་སྟར་ཁའི་སྡོང་པོ་མང་པོ་མཐོང་ཐུབ།

    “ང་ཚོའི་རྫོང་དུ་སྤྱི་ཆིང་70ཙམ་ཟིན་པའི་སྟར་ཁའི་གླིང་ཡོད་པ་དང་། རྫོང་གི་ཤང་དང་གྲོང་རྡལ་10ཡི་ནང་ཤང་དང་གྲོང་རྡལ་7ནས་ལོ་རེར་སྟར་ཁ་རྒྱ་མ་ཁྲི་བརྒྱ་ལྷག་ཙམ་ཐོན་ཐུབ། ཡིན་ཡང་རི་བོ་མཐོ་ཞིང་གྲོག་རོང་གཏིང་ཟབ་ཁར། ཤུན་པགས་མཐུག་ལ་ནང་རྩི་ཆུང་བའི་སྟར་ཁའི་རིགས་ཡིན་པས་དང་ཐོག་ང་ཚོའི་སྟར་ཁ་བྲིན་ཁ་རྒྱུག་པོ་མེད”ཅེས་མཛོ་སྒང་རྫོང་ཀྲུང་གླིང་ཁ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་མིན་གྱིས་བཤད།

    “གནད་དོན་དེ་ཇི་ལྟར་ཐག་གཅོད་པ”དང“མཛོ་སྒང་རྫོང་གི་སྟར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆར་ཇི་ལྟར་སྒྱུར་དགོས་པ”ནི་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་བསམ་གཞིག་བྱེད་པའི་གནད་དོན་ཞིག་རེད།

    སྟར་ཁའི་སྣུམ་ཚིལ་འདུས་ཚད་65%ནས་70%བར་ཟིན་པས། སྣུམ་རྒྱུ་ཤིང་རིགས་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་ལ། “སྡོང་པོའི་སྟེང་གི་སྣུམ་མཛོད”ཅེས་པའི་མཚན་སྙན་ཡང་ལྡན། མཛོ་སྒང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་སྔ་རྗེས་སུ་རིགས་གཅིག་མཁས་ཅན་གདན་དྲངས་ནས་སྟར་ཁ་དང་བཅས་པའི་ཐོན་རྫས་ལ་ལག་བསྟར་བྱེད་འཐུས་རང་བཞིན་གྱི་ཞིབ་འཇུག་ཐེངས་དྲུག་བྱས་པ་དང་། རིགས་པས་ཁུངས་སྐྱེལ་དང་ཁྲོམ་རར་བརྟག་ཞིབ་ཡང་ཡང་བྱས་པ་བརྒྱུད། མཐར་སྟར་ཁའི་སྣུམ་ཐོན་སྐྱེད་བྱེད་པ་ཐོན་ལས་བོད་སྐྱོར་གྱི་ཁ་ཕྱོགས་སུ་བརྩིས་ཤིང་། “སྟར་ཁ་ཆུང་ཆུང”གིས“ཁྲོམ་ར་ཆེན་པོར”སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་རྒྱུར་རོགས་རམ་བྱས་ཡོད།

    མ་དངུལ་བསྡུ་སྒྲིལ་དང་། སྲིད་ཇུས་གཅིག་སྡུད། ཤེས་ལྡན་པ་བསྡུ་རུབ་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ནས། ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ལོ་དྲུག་བསྟུད་མར་འབད་འབུངས་ཧུར་བརྩོན་བྱས་པ་བརྒྱུད། མཛོ་སྒང་རྫོང་དུ་ཚད་གཞི་མཐོ་བ་དང་། ལྷུ་ཚིགས་ཆ་ཚང་བ། དེང་རབས་ཅན་བཅས་ཀྱི་བཟའ་བཅའི་ལས་སྣོན་ཁེ་ལས་བཙུགས་པ་རེད།

    མིག་སྔར་སྟར་ཁ་སྨིན་ནས་འཐུ་བའི་དུས་དང་ཏག་ཏག་འཁེལ་ཡོད། ཞོགས་པར་སྔ་པོ་ནས་སྟར་ཁ་བྱུར་པོར་བླུགས་པའི་ལྗིད་ཐེག་རླངས་འཁོར་ཆེན་པོ་གཉིས་རབ་ཅན་ཤང་ནས་མཛོ་སྒང་ཧང་ཏ་ཐོན་ལས་གླིང་དུ་བསྐྱོད། “ད་རེས་ང་ཚོས་སྟར་ཁ་རྒྱ་མ་ཁྲི་2.5དབོར་ཡོང་བ་ཚང་མ་གྲོང་མིའི་ལག་ནས་ཉོས་པ་ཡིན། མཛོ་སྒང་རྫོང་དབང་དར་བཟའ་བཅའ་ཚད་ཡོད་ཀུང་སིས་འཚོང་རོགས་བྱས་པས་རིན་གོང་ཡང་ཡག་པོ་འདུག”ཅེས་མཛོ་སྒང་རྫོང་རབ་ཅན་ཤང་རབ་ཅན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་བཟང་གིས་བཤད།

    ངག་བཟང་གིས་བརྗོད་པའི་མཛོ་སྒང་རྫོང་དབང་དར་བཟའ་བཅའ་ཚད་ཡོད་ཀུང་སི་ནི་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་ཞ་མོན་ལས་དོན་ཚོགས་ཆུང་གིས་སྐུན་རོགས་བྱས་པའི་ཁེ་ལས་ཤིག་རེད།

    “ང་ཚོའི་སྟར་ཁའི་སྣུམ་ལ་ཐོན་སྐྱེད་བརྒྱུད་རིམ་23ཡོད་པ་དང་། སྣུམ་བཟོ་འཁོར་ཁང་ནང་བརྒྱུད་རིམ་8བརྒྱུད་དགོས། ད་ཆ་ཉིན་ལྟར་སྣུམ་རྒྱ་མ་1000ལྷག་ཙམ་ཐོན་པ་དང་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད”ཅེས་ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་གི་རུ་མི་དང་མཛོ་སྒང་རྫོང་དབང་དར་བཟའ་བཅའ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧྲེན་ཁའེ་ཁྲེང་གིས་གསར་འགོད་པར་བཤད། 2023ལོར་ཀུང་སིར་ཐོན་སྐྱེད་རིན་ཐང་སྒོར་ཁྲི་1600ཙམ་བྱུང་བ་དང་། གྲོང་མིའི་ཡོང་འབབ་སྒོར་ཁྲི་600ཙམ་འཕར་བ་རེད།

    སྟར་ཁའི་སྣུམ་གྱི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་རྒྱུན་ཆད་མེད་པར་ཕྱིན་པ་དང་བསྟུན་ནས་གཞོན་ནུ་ཚོར་ཡང་ཁྱིམ་གྱི་སྒོ་རྩར་ཕུགས་འདུན་མངོན་འགྱུར་བྱེད་པའི་གར་སྟེགས་རྙེད། གཞོན་ནུ་དེ་བས་མང་བས་ཕ་ཡུལ་དུ་ལོག་ནས་བཟོ་གྲྭ་དང་ཞིང་ནང་དུ་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་ཡོང་བར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་དེ་བས་མང་བ་བསྣན་པ་རེད།

    ཐོན་རྫས་ཀྱི་སྣ་ཁ་མང་དུ་བཏང་ནས་ཚོགས་སྤྱི་མི་འདྲ་བའི་དགོས་མཁོ་སྐོང་ཆེད། ཧྥུའུ་ཅན་བོད་སྐྱོར་ལས་དོན་རུ་ཁག་ཞ་མོན་ལས་དོན་ཚོགས་ཆུང་གིས་ཁེ་ལས་ལ་གཞོགས་འདེགས་བྱས་ཏེ་སྟར་ཁའི་ཐོན་རྫས་སྣ་ཚོགས་གསར་སྤེལ་བྱས་པ་དང་། ཐོན་ལས་འཁོར་འབྲེལ་རྒྱ་ཆེར་བཏང་བའི་དུས་མཚུངས་སུ་ཁེ་ལས་ཀྱིས་ཁྱུག་དབྱིངས་དང་དྲ་ཐོག་ཚོང་དོན་སོགས་ཀྱི་ལས་སྟེགས་སྤྱད་ནས་མཛོ་སྒང་རྫོང་གི་སྟར་ཁའི་སྣུམ་གྱི་ཐོན་ལས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་འབྲེལ། ཞ་མོན་གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་གྱི་བར་ཁྱམས་སུའང་སྟར་ཁའི་སྣུམ་གྱི་བརྡ་ཁྱབ་སྦྱར་ནས་དྲིལ་བསྒྲགས་བྱས་ཁར། སྟར་ཁའི་སྣུམ་གྱི་ཐོན་རྫས་སྒོ་རྩིས་ཚོང་ཁང་དང་གསོལ་མགྲོན་ཁང་སོགས་ལ་ཁྱབ་གདལ་བཏང་ནས་ཐོན་རྫས་ཁྲོམ་ར་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།