ལོ་སྟོད་དུ་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5743ཟིན་པ།
རྣམ་གླིང་རྫོང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཞིང་འབྲོག་པར་འབབ་འཕར་ཡོང་བར་བྱས་པ།
ད་ལོའི་ཚུན་དུ་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་གིས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་བྱེད་ཐབས་ཤིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱས་པ་དང་། ལས་ཞུགས་བརྟན་པོ་དང་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་སྤྱོད་ཚུལ་འཛུགས་སྐྱོང་ཁྱབ་པར་བྱས་ཏེ་ལས་ཞུགས་བསྡུ་ལེན་དང་། ཐོན་ལས་སྐུལ་སློང་། སྲིད་ཇུས་བེད་སྤྱོད་སོགས་ཀྱི་ཐད་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། གནད་སྨིན་ཇུས་འདོན་དང་ཕྱོགས་ཡོངས་ལ་ཁྱབ་པའི་འབབ་འཕར་ལ་སྐུལ་འདེད་ཀྱི་མ་ལག་ཧུར་ཐག་བཙུཌ་པ་བརྒྱུད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མགྱོཌ་མྱུར་འཕར་རོགས་བྱས་པ་རེད། ལོ་སྟོད་དུ་རྫོང་དེའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་5743ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་13.4%འཕར་ཞིང་། དེ་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་4.5ཡིས་མཐོ་བ་དང་འཕར་ཚད་ཨང་དང་པོར་སླེབས་ཡོད།
རྣམ་གླིང་རྫོང་གིས་ལྟ་བར་འགྱུར་ལྡོག་གཏོང་བར་ཤུགས་རྒྱག་པ་དང་བསམ་བློའི་བཀག་རྒྱ་མེད་པར་བཟོས་ཏེ། དོན་དངོས་དང་མཐུན་ལ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་པའི་ལས་ཞུགས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། 《རྣམ་གླིང་རྫོང་གི་ངལ་ནུས་སྟོབས་ཆེན་རྫོང་སྐྲུན་པའི་ལོ་གསུམ་བྱ་སྤྱོད་ཇུས་གཞི(2024ལོ་ནས་2026ལོའི་བར)》བཀྲམ་ནས་ལག་བསྟར་བྱས་པ་དང་། མ་དངུལ་སྒོར་ཁྲི་300བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་ཁ་གསབ་ཀྱི་ཚབ་ཏུ་བྱ་དགའ་སྤྲོད་པའི་ལས་དོན་ཚོད་ལྟའི་ངང་ལག་བསྟར་བྱས་ཤིང་། རྫོང་རིམ་པའི་ངལ་ནུས་ཀུང་སི་1དང་། ཤང་རིམ་པའི་ངལ་ནུས་ཡན་ལག་ཀུང་སི་17 གྲོང་ཚོ་རིམ་པའི་ངལ་ནུས་མཉམ་ལས་ཁང་64 དེ་བཞིན་གྲོང་ཚོ་ཨུ་ལྷན་གྱི་ངལ་ནུས་བར་ཁེ་བ་199བཅས་ལ་བརྟེན་ཏེ། སྒྲིག་འཛུཌ་ཅན་གྱི་ཐབས་ལམ་རྒྱ་ཆེར་བཏང་ནས་འབབ་འཕར་གྱི་སྦྲེལ་ཟམ་བསྐྲུན་ཡོད། ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་འཛུཌ་སྐྲུན་དཔེ་སྟོན་ཁུལ་བཏོད་པའི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ངལ་ནུས་ཕྱིར་གཏོང་གི་སྤུས་རྟགས་བཏོད་ཅིང་། ལོ་སྟོད་དུ་རིམ་རྩིས་བརྒྱབ་ན། མི་23346ལས་ཞུགས་གཞན་སྒྱུར་ཐུབ་པ་དང་འབབ་འཕར་སྒོར་དུང་ཕྱུར་2.66བྱུང་སྟེ་ལོ་ཧྲིལ་པོའི་དམིགས་ཚད་ཀྱི་76.5%དང་72.5%སོ་སོར་ཟིན་ཡོད། དེའི་ནང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་མི་2017བཏང་བར་འབབ་འཕར་སྒོར་ཁྲི་1580བྱུང་བ་རེད།