དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་ནུས་ལ་བརྟེན་ནས་འགན་འཁྲི་སྤུས་ཚད་མཐོ་པོས་བསྒྲུབས་པ།

    ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་རིག་དངོས་དང་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོབ་ཨང་དང་པོ་དང་། ཁྲིམས་ལྟར་དོ་དམ། བེད་སྤྱོད་ནུས་ལྡན། རིན་ཐང་སྔོག་འདོན”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཀྱི་འགན་ནུས་ལ་བརྟེན་ནས་འགན་འཁྲི་སྤུས་ཚད་མཐོ་པོས་བསྒྲུབས་ཏེ། ཆབ་མདོའི་རིག་དངོས་དང་རིག་གནས་ཤུལ་བཞག་དོན་གོ་ཆོད་པར་སྐུལ་འདེད་བཏང་ཡོད།

    གནའ་ཤུལ་དང་རྗེས་ཤུལ་ནས་གསོན་ཤུགས་གསར་པ་འཕེལ་བར་བྱས་པ།

    “སྤང་མདའ་ཚང་གི་གནས་རྙིང”ལ་ལོ་མང་རིང་ཆར་རླུང་གི་ཟད་སྐྱོན་དང་མིའི་གཏོར་སྐྱོན་སོགས་གནོད་འཚེ་ཚབས་ཆེན་བྱུང་ནས་ཉམས་རྒུད་དུ་སོང་བ་དང་། དེ་བཞིན་འབྲེལ་ཡོད་རིག་དངོས་སྲུང་སྐྱོབ་གཙོ་གཉེར་སྡེ་ཚན་ལ་མ་དངུལ་འདང་ངེས་མེད་པ་དང་མཐོང་ཆེན་མ་བྱས་པ་སོགས་ལས་སྲུང་སྐྱོབ་དང་དོ་དམ་ཡག་པོ་བྱུང་མེད། དེ་དང་ཆབས་ཅིག་སྤང་མདའ་ཚང་ཁྱིམ་རྒྱུད་ཀྱིས་ཚོང་ལས་ལ་བརྟེན་ནས་རི་འགོག་བྱས་པའི་བྱས་རྗེས་སྔོག་འདོན་དང་དྲིལ་བསྒྲགས་བྱེད་ཤུགས་མ་འདང་བར་བརྟེན། 2023ལོའི་ཟླ་7པར་སྨར་ཁམས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྨར་ཁམས་རྫོང་རིག་དངོས་སྲུང་སྐྱོབ་གཙོ་གཉེར་སྡེ་ཚན་ལ“སྤང་མདའ་ཚང་གི་གནས་རྙིང”དུས་ཐོག་ཏུ་ཉམས་གསོ་དང་སྲུང་སྐྱོང་། ཉེན་སེལ་བརྟན་གཏོང་བྱས་ནས་རིག་དངོས་སྲུང་སྐྱོབ་བྱ་རྒྱུའི་གྲོས་འགོ་བཏོན་ཡོད། ཞིབ་དཔྱོད་ལས་ཁུངས་ཀྱི་གྲོས་འགོ་བཏོན་རྗེས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་འཕྲལ་དུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི“སྤང་མདའ་ཚང་གི་གནས་རྙིང”ཉམས་གསོ་སྲུང་སྐྱོང་དང་དེ་བཞིན་འགྲེམས་སྟོན་བེད་སྤྱོད་ཀྱི་ལས་གྲྭ་ལག་ལེན་བསྟར་ཞིང་། 2024ལོའི་ཟླ་7པར། སྨར་ཁམས་རྫོང་གི“སྤང་མདའ་ཚང་གི་གནས་རྙིང”བཤམས་སྟོན་ཁང་གི་སྒོ་ཕྱེ་ཡོད། དོན་དེ་ཆེས་མཐོའི་ཞིབ་དཔྱོད་ཁང་གིས་རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དཔེ་མཚོན་ལ་བདམས་ཡོད།

    ཞིབ་དཔྱོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལ་སྲུང་སྐྱོང་བྱས་པ།

    ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་སྐོར་གྱི་སྤྱི་ཕན་གཏུག་བཤེར་གྱི་སྲུང་སྐྱོང་ཆེད་དོན་བྱེད་སྒོ་སྤེལ་ཚུན་དུ། ཁོངས་གཏོགས་ཁུལ་གྱི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་གི་བང་སོར་སེར་ཁ་གས་པ་དང་། རྡོ་རིང་ཐོག་གི་ཡི་གེ་མི་གསལ་བ། སོ་ཕག་ཞིག་ནས་ཟགས་པ། རྩྭ་ངན་མང་པོ་སྐྱེས་པ། གཡོག་བྱེད་བྱེད་མཁན་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། བང་སོ་ཁང་དུ་འདྲི་རྟོགས་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་བྱེད་པ་སོགས་སུ་བསྐྱོད་དེ། ཞིབ་དཔྱོད་གྲོས་འགོ་ཁག་8བཏོན་པ་དང་། གྲོང་མོལ་3བྱས་ལ། གྱོད་སྒྲུབ་ལ་ལྟ་སྐུལ་བྱེད་པར་བརྟེན་ནས་སྔོན་གཤེགས་དཔའ་བོའི་དྲན་གསོའི་སྒྲིག་བཀོད་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། འཇོ་མདའ་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྒྲིག་བཀོད་ལ་གཏོར་སྐྱོན་སོང་བའི་གནད་དོན་ལ་དམིགས་ཏེ། ཡོངས་བསྒྲགས་སུ་དཔང་ཉན་ཚོགས་འདུ་འཚོགས་པ་མ་ཟད། སྲིད་འཛིན་ལས་ཁུངས་ལ་ཞིབ་དཔྱོད་ཀྱི་གྲོས་འགོ་བཏོན་པ་དང་། འབྲེལ་ཡོད་དོ་དམ་སྡེ་ཚན་ལ་མ་དངུལ་རེ་ཞུ་བྱས་ཏེ་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་གསོ་དང་སྲུང་སྐྱོབ་བྱ་རྒྱུའི་སྐུལ་ལྕག་བཏང་བ་ལས་གྱོད་སྒྲུབ་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད།

    “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད་ཁྲིམས་སྐྱོང་གི་སྟོབས་ཤུགས་སྐྱེས་སུ་ཕུལ་བ།

    དཔའ་ཤོད་རྫོང་ཁོངས་ཀྱི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ནི་རྒྱལ་ལམ་318ཀྱི་བོད་དུ་སྐྱོད་སའི་འཕྲང་ལམ་ཞིག་རེད། སྐབས་དེ་དུས་ཟམ་ཆེན་སྐྲུན་སྐབས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་མང་པོ་རྐྱེན་ལམ་དུ་ཤོར་ཡོད། རླབས་ཆེན་གྱི“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་རྗེས་ཤུལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱག་ཆེད། ཞིབ་དཔྱོད་ལས་ཁུངས་ཀྱིས་གྲོས་མོལ་དང་། དཔང་ཉན། ས་གནས་ས་ཐོག་ཏུ་འདྲི་རྟོགས་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད། འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་ཁོངས་གཏོགས་སྲིད་གཞུང་དང་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་གྱི་གསར་བརྗེའི་བྱས་རྗེས་སྔོག་འདོན་གང་ལེགས་བྱེད་པའི་ལས་དོན་ཁྲོད་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱས་ཡོད། ཕྱོགས་མང་པོ་ནས་འབད་བརྩོན་བྱས་པ་བརྒྱུད། དཔའ་ཤོད་རྫོང་གི་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དེ་རང་སྐྱོང་ལྗོངས་ཀྱི་གསར་བརྗེའི་རིག་དངོས་ཁག་དང་པོར་བདམས་པ་དང་། དཔའ་ཤོད་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་རྗེས་ཤུལ་དྲན་གསོ་ཁང་བསྐྲུན་ནས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དེ། གསར་བརྗེའི་ཐོན་ཁུངས་ཀྱི་སློབ་གསོའི་རྟེན་གཞིར་བསྐྲུན་པས་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་ལ་ཕན་འབྲས་ཆེན་པོ་ཐོན་ཡོད།

    འདི་ལོའི་ལོ་སྟོད་དུ་ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དགོན་སྡེའི་རིག་དངོས་སྲུང་སྐྱོབ་འཛུགས་སྐྲུན་ལ་རོགས་སྐྱོར་རྒྱུན་ཆད་མེད་པར་བྱས་ནས་བྱམས་པ་གླིང་དགོན་དང་། རྩེ་དྲུག་དགོན། གཙུག་ལག་ཁྲ་འཁྱིལ་མ། མཛོ་སྒང་དགོན་སོགས་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་འབྲེལ་གཏུག་ས་ཚིགས་བཙུགས་ཏེ། རིག་དངོས་སྲུང་སྐྱོབ་དང་མི་རིགས་ཆོས་ལུགས་སོགས་སྡེ་ཚན་དང་མཉམ་དུ་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་རིག་དངོས་སྲུང་སྐྱོབ་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་རིག་དངོས་ཀྱི་གྲངས་འབོར་དང་། སྣ་ཁ། རིམ་པ་བཅས་དུས་ཐོག་ཏུ་གསལ་པོ་བཟོས་པ་དང་། སྲུང་སྐྱོབ་བྱ་ཐབས་ནུས་ལྡན་བཟོས་པ། སྔོན་འགོག་རང་བཞིན་གྱི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་ལ་ལྟ་སྐུལ་བྱེད་པའི་ལས་དོན་འཚོལ་ཞིབ་རང་བཞིན་གྱི་སྒོ་ནས་བྱས་ཏེ། ཆབ་མདོ་གྲོང་ཁྱེར་གྱི་རིག་དངོས་སྲུང་སྐྱོབ་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།