མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས།
གྲོང་སྡོད་གཞུང་འཁོར་རྩིས་སྤྲོད་ཀྱི་མཛད་སྒོ་འཚོགས་པ།
ཉིན་ཤས་གོང་མངའ་རིས་ས་ཁུལ་རུ་ཐོག་རྫོང་གིས་གྲོང་སྡོད་གཞུང་འཁོར་རྩིས་སྤྲོད་ཀྱི་མཛད་སྒོ་འཚོགས་པ་རེད།
བྱེད་སྒོའི་སྤེལ་རིང་། རུ་ཐོག་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས་རྫོང་དང་ཤང་གི་གྲོང་སྡོད་གཞུང་ལས་ཁང་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། གྲོང་སྡོད་གཞུང་འཁོར་གྱི་རྒྱུན་ལྡན་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ནས། འཁོར་རིགས་དོ་དམ་དང་བེད་སྤྱོད་ཚད་ལྡན་ཅན་དང་ཚད་གཞི་ཅན་འགན་ལེན་བྱེད་དགོས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས《ལྗོངས་ཡོངས་ཀྱི་ལས་བྱེད་པའི་གྲོང་སྡོད་བདེ་འཇགས་དོ་དམ་འགན་འཁྲི་ལག་བསྟར་ཇུས་གཞིའི》འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་ཏན་བྱེད་པ་དང་། “གྲོང་སྡོད་ལས་བྱེད་པའི་གཞུང་འཁོར་བདེ་འཇགས”ཀྱི་དམིགས་ཚད་སྟོན་ཕྱོགས་ལ་དམིགས་པ། གྲོང་སྡོད་གཞུང་འཁོར་གནས་གཏན་འཁེལ་དུ་འཇོག་རྒྱུ་གསལ་པོ་བཟོས་པ། གྲོང་སྡོད་ལས་དོན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ནས། རིགས་ཁག་གི་འགྲིམ་འགྲུལ་བདེ་འཇགས་ལས་འཛོལ་མི་ཐོན་པ་བྱེད་དགོས་པ། གདན་ཞུས་བྱས་པའི་ཁ་ལོ་བས་ད་ཐེངས་ཀྱི་ཐག་ཉེ་སར་ལས་ཞུགས་ཐུབ་པའི་གོ་སྐབས་དམ་འཛིན་བྱས་ཏེ། བདེ་འཇགས་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་གྲོང་སྡོད་ལས་བྱེད་པའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།
རུ་ཐོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གྲོང་སྡོད་གཞུང་འཁོར་ནི་ལས་བྱེད་པས་གྲོང་སྡོད་ལས་དོན་སྤེལ་སྐབས་ཀྱི་འགྲིམ་འགྲུལ་ལག་ཆ་གལ་ཆེན་ཞིག་ཡིན་ལ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་ནུས་ལྡན་ཞིག་དེ་བས་ཀྱང་ཡིན་པ་དང་གྲོང་སྡོད་ལས་དོན་རུ་ཁག་འབྲོག་ཁུལ་དུ་སྐྱོད་པར་དེ་བས་སྟབས་བདེ་བསྐྲུན་ནས། གྲོང་སྡོད་ཀྱི“གཙོ་གནད་ལས་འགན་ཁག་ལྔ”དོན་འཁྱོལ་གནད་སྨིན་ཡོང་བའི་འགན་ལེན་བྱེད་ཐུབ་ཀྱི་ཡོད། དེས་ན་སླད་ཕྱིན་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་གྲོང་སྡོད་ལས་བྱེད་པའི་འགྲོ་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།