དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

    ཆུ་བོ་དང་མཚོའི་བདེ་འཇགས་ཀྱི་ཆེད་དོན་ཁྲིམས་སྒྱུར་སྐོར་ཞིབ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    “ཆུ་དཔོན་དང་། ཉེན་རྟོག་དཔོན། ཞིབ་དཔྱོད་དཔོན་བཅས་ཟུང་དུ་འབྲེལ་བའི”ཕུགས་ཕན་མཉམ་ལས་ལམ་སྲོལ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྔར་བས་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་དང་ཞིབ་དཔྱོད་ལྟ་སྐུལ་སྦྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བ། ས་ཁོངས་ནང་ཁུལ་གྱི་ཆུ་ཁོངས་བཅོས་སྐྱོང་དང་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཁ་རུབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁ་རུབ་ཆུས་སྤྱི་བདེ་ཅུས་དང་། ཆུ་བེད་ཅུས། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཁ་རུབ་ཆུས་ཡན་ལག་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཆུ་བོ་དང་མཚོའི་བདེ་འཇགས་ཆེད་དོན་ཁྲིམས་སྒྱུར་སྐོར་ཞིབ་བྱ་སྤྱོད་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཁ་རུབ་ཆུས་ཀྱི་ཆུ་བོ་དང་མཚོའི་སྐྱེ་ཁམས་བདེ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་སྐོར་ཞིབ་ལས་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལྟ་སྐུལ་གྱི་འགན་ནུས་དང་ཆུ་བེད་དང་སྐྱེ་ཁམས་སོགས་སྡེ་ཚན་གྱི་དོ་དམ་སྲུང་སྐྱོང་གི་འགན་འཁྲི་འདོན་སྤེལ་གང་ལེགས་ཐུབ་ཡོད། བྱ་སྤྱོད་སྤེལ་རིང་ཁྲིམས་སྒྱུར་མི་སྣས་རུ་བཞི་ཤང་གི་ཆུ་བོའི་དུམ་བུ་ཁག་གཅིག་ཏུ་བསྐྱོད་དེ་ས་ཆ་དངོས་སུ་ཆུ་ལམ་དང་ཆུ་ཁོངས་ཀྱི་ཁོར་ཡུག་དང་ཆུ་རྒྱུད་གཡས་གཡོན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གད་སྙིགས་སྤུངས་པ་དང་། ཁྲིམས་འགལ་ངང་བཙོག་ཆུ་འབུད་པ། ཁྲིམས་འགལ་ངང་ཆུ་ལམ་བཀག་པ་སོགས་ཀྱི་གནད་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་དང་བཀག་འགོག་བྱས་པ་རེད། དེ་དང་ཆབས་ཅིག་ཁྲིམས་སྒྱུར་མི་སྣས་ད་དུང་ཁྲིམས་སྒྱུར་གྱི་ལྟ་སྐུལ་ཞིབ་བཤེར་དེ་ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་འཛིན་པའི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཆུ་དཔོན་དང་མཚོ་དཔོན་གྱི“ཕན་འབྲས་དངོས་ཐོན་པ”དང་ཆུ་བོ་དང་མཚོའི་སྲུང་སྐྱོང་དོ་དམ་ཐད“ཕུགས་ཀྱི་ཕན་འབྲས་ཐོན་པར”སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།