དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས།

    ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་ཆུ་བོ་དང་མཚོའི་ཡུན་རིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    དུས་ཡུན་རིང་པོའི་ནང་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཆུ་བེད་ཅུས་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་དེ་དམ་འཛིན་བྱ་གཞི་ནུས་ལྡན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་བྱེད་ཐབས་གཏིང་ཟབ་ཏུ་བཏང་སྟེ་ཨ་མདོ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། 2023ལོར་ཨ་མདོ་རྫོང་གི་བྲག་ཆུར(ལྷ་རི་ཆུ)རང་སྐྱོང་ལྗོངས་ཀྱི“བདེ་ཐང་དང་། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་ཆུ་བོའི”མཚན་སྙན་ཐོབ་པ་དང་། ནག་ཆུ་གྲོང་ཁྱེར་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་དཔྱད་ཞིབ་ལས་དོན་ཁྲོད་ཨ་མདོ་རྫོང་ལ་ཨང་དང་པོ་ཐོབ་པ་རེད། 2024ལོ་ནས་བཟུང་ཨ་མདོ་རྫོང་གིས་ཆུ་བོ་དང་མཚོའི་སྲུང་སྐྱོང་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་བཙོག་ཟིང་བཅོས་སྒྲིག་གི་བྱ་སྤྱོད་ལ་སླར་ཡང་ཤུགས་སྣོན་བརྒྱབ་སྟེ་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    ཆུ་བོ་དང་མཚོའི“བཙོག་ཟིང་བཞི་བཅོས་སྒྲིག”རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ཞིང་། འདི་ལོའི་ལོ་སྟོད་དུ་ཨ་མདོ་རྫོང་གིས“བཙོག་ཟིང་བཞི་བཅོས་སྒྲིག”དང“ཆུ་ལོག་གཤོང་སར་འགོག་རྐྱེན་བཟོ་བའི”གནད་དོན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་ཇུས་གཞི་བཟོས་ནས་བཏོན་པ་དང་། ལས་ཀའི་འགན་འཁྲི་དང་། ལས་འགན་དམིགས་ཚད། འགན་ལེན་བྱ་ཐབས་སོགས་ཞིབ་ཕྲའི་ནང་དོན་ཁ་གསལ་བཟོས་པ་མ་ཟད། ཆུ་བོ་དང་མཚོའི“བཙོག་ཟིང་བཞི་བཅོས་སྒྲིག”གི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་དེ་རྒྱུན་གཏན་གྱི་ལྟ་འདོམས་དང་ཟུང་འབྲེལ་བྱས་ནས་དུས་ངེས་མེད་ངང་ཆུ་བོ་དང་མཚོར་སྐོར་ཞིབ་བྱས་ཤིང་། མིག་སྔའི་བར་ཁྱོན་གྲལ་བཤེར་ཐེངས་10ལྷག་ཙམ་བྱས་པའི་ནང་གནད་དོན་3ཤེས་རྟོགས་བྱུང་བ་ཚང་མ་དག་ཐེར་བྱས་ཟིན་ཡོད། ཆུ་བོ་དང་མཚོའི“བཙོག་ཟིང་བཞི་བཅོས་སྒྲིག”གི་ལས་དོན་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད་པ་རེད།

    ཆུ་བོ་དང་མཚོ་འགྲམ་གྱི་འགྱིག་ཤོག་གཙང་སེལ་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ཞིང་། “རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་དང་ཁོར་ཡུག་འཕྲོད་བསྟེན་གཙང་འཕྱག་ཆེ་མོ”སོགས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཆུ་ལམ་གྱི་གད་སྙིགས་གཙང་སེལ་བྱེད་སྒོར་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱས་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་འབྲེལ་ཡོད་བྱེད་སྒོ་ཐེངས་80ལྷག་ཙམ་སྤེལ་བ་དང་། ཆུ་བོ་དང་མཚོ་250ལྷག་ཙམ་གྱི་ཁུལ་དུ་གཙང་འཕྱག་བྱས་པ། གད་སྙིགས་ཏུན་4.8ལྷག་ཙམ་གཙང་སེལ་བྱས་པ། མི་3440ལྷག་ཙམ་ཞུགས་པ། ཆུ་བོ་དང་མཚོར་སྐོར་ཞིབ་བྱ་རྒྱུ་དེ་རྒྱུན་རྣམ་ཅན་དང་། ཆུ་བོ་རྒྱུག་ཁུལ་དུ་མཉམ་དུ་བཅོས་སྒྲིག་བྱ་རྒྱུ་དེ་རྒྱུན་གཏན་ཅན། རྒྱུན་གཏན་གྱི་ལས་ཀ་དེ་ཚད་ལྡན་ཅན་བཅས་སུ་གྱུར་ཡོད། དྲིལ་བསྒྲགས་ཁྲིད་སྟོན་གྱི་རྣམ་པ་ཟབ་མོ་མངོན་གསལ་དོད་དུ་བཏང་སྟེ་སྤྱི་བསྒྲགས་སྒྲོམ་དང་དྲིལ་བསྒྲགས་སྦྱར་ཡིག་བཟོས་པ་དང་། དྲིལ་བསྒྲགས་ལག་དེབ་བཀྲམ་པ། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་པས། ཆུའི་ཁོར་ཡུག་སྲུང་སྐྱོང་ལ་ཞུགས་པའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། “འཛམ་གླིང་གི་ཆུའི་ཉིན་མོ”དང་། “ཀྲུང་གོའི་ཆུའི་གཟའ་འཁོར” “འཛམ་གླིང་གི་ཁོར་ཡུག་ཉིན་མོ”སོགས་ལྷུ་ཚིགས་གལ་ཆེན་གོ་སྐབས་སུ་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་5སྤེལ་བ་དང་དྲིལ་བསྒྲགས་ལག་དེབ་400ལྷག་ཙམ་དང་དྲིལ་བསྒྲགས་དངོས་རྫས་100ལྷག་ཙམ་སྤྲད་ནས་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་ཆུ་བོ་དང་མཚོར་དོ་ཁུར་དང་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།