པེ་ཅིང་གིས་ཐཱན་འབུད་ཚད་ཆ་བཅད་ཀྱི་རིན་ཡོད་ཧབ་གོང་ཁྱབ་བསྒྲགས་བྱས་པ།
ཚོང་འགྲིག་ཚད་ཏུན་ཁྲི་35ཙམ་ཟིན་པ།
ཉེ་ཆར《པེ་ཅིང་གྲོང་ཁྱེར་གྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་དོ་དམ་བྱ་ཐབས》གཞིར་བཟུང་། པེ་ཅིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་གྲོང་ཁྱེར་དེའི་2023ལོའི་ལོ་འཁོར་གྱི་ཐཱན་འབུད་ཚད་ཆ་བཅད་ཀྱི་རིན་ཡོད་ཧབ་གོང་ཁྱབ་བསྒྲགས་ལས་དོན་སྤེལ་བ་དང་གྲོང་ཁྱེར་དེའི་ཐཱན་འབུད་དབང་ཆ་ཉོ་ཚོང་སྒྲིག་གཞི་པེ་ཅིང་ལྗང་མདོག་ཉོ་ཚོང་སུའོ་ཡིས་ལག་བསྟར་ཞིབ་ཕྲ་བྱ་རྒྱུ་མ་ཟད། ཧབ་གོང་གོ་རིམ་ཟླ་9པའི་ཟླ་འགོར་ལེགས་གྲུབ་བྱས་ཤིང་། དེའི་རིང་ཐཱན་འབུད་ཚན་པ་གཙོ་བོ་68ཀྱིས་ཧབ་གོང་གི་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཚན་པ་63གྱིས་ཧབ་གོང་རག་ནས་ཚོང་འགྲིག་ཚད་ཏུན་348304དང་གཅིག་གྱུར་ཚོང་འགྲིག་རིན་གོང་ཏུན་རེར་སྒོར་104.89ཟིན་ལ། ཚོང་འགྲིག་བསྡོམས་འབོར་སྒོར་ཁྲི་3653.36ཟིན་པ་དང་ཧབ་གོང་གི་ཐོབ་ཆ་ཚང་མ་གོ་རིམ་ལྟར་རྒྱལ་མཛོད་ནང་འཇུག་རྒྱུ་རེད།