དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རྒྱལ་ཡོངས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་བཅུ་ཆ་བདུན་ལྷག་ཙམ་ཁེ་ལས་འབྲིང་ཆུང་ནས་ཉོས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-20

     ནོར་སྲིད་པུའུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་གཞི་ཁྱོན་སྒོར་དུང་ཕྱུར་33929.6ཟིན་པ་དེ་དུས་མཚུངས་ལས་3%ཙམ་ཆག་ཡོད་པ་རེད། དེའི་ནང་དངོས་ཟོག་དང་། ལས་གྲྭ ཞབས་ཞུ་བཅས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་གཞི་ཁྱོན་སྒོར་དུང་ཕྱུར་7738.1དང་། སྒོར་དུང་ཕྱུར་14486.8 སྒོར་དུང་ཕྱུར་11704.8བཅས་སོ་སོར་ཟིན་ཡོད་པ་རེད། རྩ་འཛུགས་ཀྱི་རྣམ་པའི་ཐོག་ནས་བལྟས་ན། སྲིད་གཞུང་གི་གཅིག་སྡུད་ཉོ་སྒྲུབ་དང་། སྡེ་ཚན་གྱི་གཅིག་སྡུད་ཉོ་སྒྲུབ། ཁ་ཐོར་ཉོ་སྒྲུབ་བཅས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་8038.3དང་། སྒོར་དུང་ཕྱུར་1522.4 སྒོར་དུང་ཕྱུར་24369.0བཅས་སོ་སོར་ཟིན་ཡོད་པ་རེད།

    སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ཀྱི་ཕན་ནུས་འདོན་སྤེལ་ནུས་ལྡན་བྱས་ཡོད། ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད། 2023ལོར་རྒྱལ་ཡོངས་ཀྱིས་ནུས་རྒྱུ་སྲི་ཚགས་དང་ཆུ་གྲོན་ཆུང་གི་ཐོན་རྫས་བཙན་ཤེད་ཀྱིས་ཉོ་སྒྲུབ་དང་སྔོན་ལ་ཉོ་སྒྲུབ་བྱས་པར་སྒོར་དུང་ཕྱུར་357.2ཟིན་པ་དེས་རིགས་གཅིག་པའི་ཐོན་རྫས་ཉོ་སྒྲུབ་གཞི་ཁྱོན་གྱི་83.9%བཟུང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་སྒོར་དུང་ཕྱུར་575.1སྔོན་ལ་ཉོ་སྒྲུབ་བྱས་པ་དེས་རིགས་གཅིག་པའི་ཐོན་རྫས་ཉོ་སྒྲུབ་གཞི་ཁྱོན་གྱི་84.9%བཟུང་ཡོད། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད། རྒྱལ་ཡོངས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་ཀྱིས་ཁེ་ལས་འབྲིང་ཆུང་ལ་སྤྲད་པའི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་25239.8ཟིན་པ་དང་ཁེ་ལས་འབྲིང་ཆུང་ལ་སྤྲད་པའི་གན་རྒྱའི་དངུལ་འབོར་གྱིས་རྒྱལ་ཡོངས་ཀྱི་སྲིད་གཞུང་གི་ཉོ་སྒྲུབ་གཞི་ཁྱོན་གྱི་74.4%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།