དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-20

    ཉེ་ཆར། 2024ལོའི་ཨོ་སི་ཁྲུ་ལི་ཡའི“ཀྲུང་གོའི་གློག་བརྙན་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོ་དང་ཀྲུང་ཨོའི་གཞོན་ནུ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་སྔ་རྗེས་སུ་ཨོ་སི་ཁྲུ་ལི་ཡར་འཚོགས་པ་རེད།

    2024ལོའི་ཨོ་སི་ཁྲུ་ལི་ཡའི“ཀྲུང་གོའི་གློག་བརྙན་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོ་ཁན་པེ་རར་འཚོགས་ཤིང་། ད་ཐེངས་ཀྱི་གློག་བརྙན་གཟའ་འཁོར་རིང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་7དུ་ཀྲུང་གོའི་གློག་བརྙན་ཁག་བརྒྱད་སྟོན་རྒྱུ་ཡིན་ཞིང་། གློག་བརྙན་གཟའ་འཁོར་ནི་ཀྲུང་གོ་རྒྱལ་ཁབ་གློག་བརྙན་ཅུས་དང་ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་རེད། གཙོ་གཉེར་ཕྱོགས་ཀྱིས། ཨོ་སི་ཁྲུ་ལི་ཡར་ཀྲུང་གོའི་གློག་བརྙན་གཟའ་འཁོར་གྱི་བྱེད་སྒོ་སྤེལ་བ་དེ་སྲོལ་རྒྱུན་ཡིན་ལ་གསར་གཏོད་ཀྱང་ཡིན་པ་དང་། སྤེལ་རེས་ཡིན་ལ་མཉམ་འདྲེས་ཀྱང་ཡིན་པ། གློག་བརྙན་དབྱིངས་པ་ཚོར་བཤམས་པའི་སྟོན་མོ་གཟབ་རྒྱས་ཤིག་བཅས་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ཚོས་ཕན་ཚུན་རིག་གནས་ཤེས་རྟོགས་དང་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བའི་སྒྲོག་ཐག་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད།

    ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་དེང་སྐབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་གིས་སྒྲུབ་འགན་འཁུར་བའི་ཀྲུང་ཨོའི་གཞོན་ནུ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་གླེང་མོལ་ཚོགས་འདུ་གྲོང་ཁྱེར་ཤིས་ཉི་རུ་འཚོགས་ཤིང་། ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུང་ཨོའི་དབར་འགྲོ་འོང་གི་རྨང་གཞི་དེ་དམངས་ཁྲོད་དུ་ཡོད་པ་དང་འབྱུང་འགྱུར་གཞོན་ནུ་ཚོར་ཐུག་ཡོད། ཀྲུང་ཨོའི་གཞོན་ནུ་ཚོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བའི་བརྒྱུད་བསྒྲགས་པ་དང་འཛུགས་སྐྲུན་པ་ཞིག་ཏུ་འགྱུར་བར་བྱས་ནས། ཕན་ཚུན་བསམ་ཤེས་དང་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཀྱི་སྒྲོག་ཐག་དམ་དུ་གཏོང་བ། དམངས་སེམས་གཅིག་མཐུན་གྱི་མཛའ་གྲོགས་འབྲེལ་ཟམ་འཛུགས་པ་བཅས་བྱས་ཏེ་ཀྲུང་ཨོའི་ཐུན་མོང་འཕེལ་རྒྱས་དང་དར་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།