དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་གྱི་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འཇར་མན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-20

     ཉེ་ཆར། འཇར་མན་གྱི་གྲོང་ཁྱེར་ཏུའུ་སེར་ཏུའོ་ཧྥུའུ་རུ་ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་གྱི་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འཇར་མན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་ཤིང་། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་འཐུས་མི་130ཙམ་ཞུགས་ཡོད་པ་རེད།

    ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ཀྲུང་འཇར་རྒྱལ་ཁབ་གཉིས་པོས་ཉོ་ཚོང་ཁྱབ་ཁོངས་སུ་ལེགས་ཆ་གསབ་རེས་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྤེལ་རེས་གཏིང་ཟབ་བྱས་ཡོད། འཇར་མན་གྱི་ཁེ་ལས་དེ་བས་མང་བ་མཁོ་སྤྲོད་འཁོར་འབྲེལ་སྐུལ་སྤེལ་གྱི་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཧུར་ཐག་ཞུགས་ནས་ཀྲུང་འཇར་གྱི་མཁོ་སྤྲོད་འཁོར་འབྲེལ་གྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་བརྟན་ལྷིང་ཤར་གཏོང་གི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཏུའུ་སེར་ཏུའོ་ཧྥུའུ་ཡི་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་འཇར་ཀྲུང་དཔལ་འབྱོར་མཉམ་འབྲེལ་ལྷན་ཚོགས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨན་ཏེ་ལེ་ཡ་སི·ཧྲི་སྨི་ཚིས། འཇར་ཀྲུང་བཟོ་ཚོང་ལས་རིགས་ཀྱིས་ཉོ་ཚོང་དང་། མ་འཇོག གསར་གཏོད། ལག་རྩལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་གོ་སྐབས་ལ་དམ་འཛིན་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།