ལོ་རྒྱུས་སེམས་ལ་བརྟན་པོར་ངེས། “དགུ་པའི་བཅོ་བརྒྱད”བརྗེད་མི་རུང་།
འདི་ནི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིས་བང་བསྒྲིགས་ནས་མེ་ཏོག་འབུལ་བཞིན་པ།
འདི་ལོ་ནི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་ལངས་ནས་ལོ་93འཁོར་བའི་ལོ་ཞིག་རེད། ཟླ་9ཚེས་18ཉིན“‘དགུ་པའི་བཅོ་བརྒྱད’ཀྱི་དུས་འགྱུར་ལངས་ནས་ལོ་93འཁོར་བ་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དེ་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་སྤེལ་བ་རེད།