དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐ་ལི་མུའུ་གཙང་པོའི་ཆུ་ལམ་ཡོངས་སུ་སླར་ཡང་ཆུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-20

    ཐ་ལི་མུའུ་གཙང་པོའི་གཅིག་སྡུད་སྐྱེ་ཁམས་ཆུ་འདྲེན་ཐེངས་ཉེར་ལྔ་པ་ལག་བསྟར་བྱས་ནས་ཟླ་གཅིག་ལྷག་ཙམ་སོང་རིང་ཏ་ཤིས་ཧའེ་ཡན་ལག་ཆུ་མཛོད་ཀྱི་ཆུ་ལོག་གཤོང་སྒོ་ནས་ཆུ་སྨད་དུ་ཆུ་གསབ་པས། ཐ་ལི་མུའུ་གཙང་པོའི་ཆུ་གཞུང་ཨ་མའི་ཆུ་ལམ་ཡོངས་སུ་སླར་ཡང་ཆུ་ཤར་གཏོང་ཐུབ་ཡོད།

    ལོ་20ལྷག་ཙམ་རིང་ཐ་ལི་མུའུ་གཙང་པོའི་སྨད་རྒྱུད་ཀྱི་སྐྱེ་ཁམས་ཆུ་འདྲེན་རྒྱུན་མཐུད་བྱས་པ་བརྒྱུད་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་འབྲིང་གྲས་དང་ཞན་གྲས་ནས་རིམ་བཞིན་ལེགས་གྲས་དང་རྩེ་གྲར་གྱུར་ཏེ་སྐྱེ་ཁམས་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ཀྲུང་གོ་ཚན་རིག་ཁང་ཤིན་ཅང་སྐྱེ་ཁམས་དང་ས་ཁམས་ཞིབ་འཇུག་སུའོ་ཡི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ལས། ཐ་ལི་མུའུ་གཙང་པོའི་སྨད་རྒྱུད་ཀྱི་ཆུ་སྤུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མ་ཟད། ཆུ་སྨད་ཀྱི་ངོགས་གཉིས་ཀྱི་སྤྱི་ལེ་གཅིག་གི་ཁྱབ་ཁོངས་ནང་གི་ས་འོག་གི་ཆུ་རྒྱུས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་མངོན་ཡོད། བྱེ་འགྱུར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་700ལྷག་ཙམ་ཉུང་དུ་ཕྱིན་པ་དང་སྔོ་ཁེབས་སླར་གསོ་དང་ལེགས་སུ་ཕྱིན་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་2300ཟིན་ནས་ཤིང་སྡོང་ཧུའུ་དབྱང་རིགས་གསར་སྐྱེས་ཐུབ་ནུས་སླར་གསོ་བྱུང་ཡོད། དེ་དང་ཆབས་ཅིག་ཐ་ལི་མུའུ་གཙང་པོའི་ངོགས་གཉིས་ཀྱི་ཞིང་ཆུ་འདྲེན་ཁུལ་གྱི་རྨོ་ཞིང་མུའུ་ཁྲི་3464ལ་དུས་ཐོག་ཏུ་ཆུ་འདྲེན་ཐུབ་པ་བྱུང་ནས་འདི་ལོ་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།