དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མེ་ཏོག་རྫོང་དུ་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་རིགས་གསར་པ་རྙེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ལ་བརྟག་དཔྱད་བྱེད་སྐབས། མེ་ཏོག་རྫོང་ནས་ལྕེ་འབུར་སྦལ་པའི་ཁོངས་ཀྱི་སྲོག་ཆགས་རིགས་ཤིག་བཙལ་རྙེད་ཐུབ་ཡོད། ཚན་ཞིབ་མི་སྣས་གཟུགས་དབྱིབས་ལ་དབྱེ་འབྱེད་དང་འདུས་རྡུལ་དཔྱད་འདོམས་སོགས་སྲོག་ཆགས་ཀྱི་རིགས་དབྱེའི་ལག་རྩལ་བྱ་ཐབས་བརྒྱུད། སྲོག་ཆགས་རིགས་དེ་ནི་ལྕེ་འབུར་སྦལ་པའི་ཁོངས་ཀྱི་རིགས་གསར་པ་ཞིག་ཡིན་པ་ར་སྤྲོད་ཐུབ་པ་མ་ཟད། 2024ལོའི་ཟླ་8པར་གནམ་ལྕགས་འབར་བའི་ལྕེ་འབུར་སྦལ་པ་ཞེས་དངོས་སུ་མིང་བཏགས་པ་རེད།

    ད་རེས་གནམ་ལྕགས་འབར་བའི་ལྕེ་འབུར་སྦལ་པ་གསར་དུ་རྙེད་པ་ལས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩ་ཆེ་བ་དང་དམིགས་བསལ་དུ་ཡོད་པའི་སྐམ་ཆུ་གཉིས་འཚོའི་སྲོག་ཆགས་ཐོན་ཁུངས་ཀྱི་ཟིན་ཐོ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།