ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁོ་སུའོ་ཨོ་ས་ཁུལ་གྱི་དུས་བབ་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
ཚེས་16ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཁོ་སུའོ་ཨོ་ས་ཁུལ་གྱི་དུས་བབ་སྐོར་གྱི་གསར་འགོད་པའི་དྲི་བར་ལན་བརྒྱབ་པ་རེད།
གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཕུའུ་ལི་ཧྲི་ཏི་ནའི་གནས་སྐབས་རང་སྐྱོང་སྒྲིག་གཞིས་ཁོ་སུའོ་ཨོ་བྱང་རྒྱུད་ཀྱི་སིར་པི་ཡ་རིགས་ཀྱི་སྒྲིག་གཞིར་བཙན་གྱིས་འཛུལ་བ་དང་འབྲེལ་ཚོད་འཛིན་ཡང་བྱས་པ་དང་། ཁོ་སུའོ་ཨོ་ཉེན་རྟོག་ཕྱོགས་ཀྱིས་སིར་པི་ཡ་བ་4བཟུང་བ་དང་ཁོ་སུའོ་ཨོ་བྱང་རྒྱུད་དུ་ཡོད་པའི་སིར་པི་ཡའི་རྒྱལ་ཁབ་དངུལ་ཁང་གི་དངུལ་མཛོད་ནང་ཡོད་པའི་སིར་པི་ཡའི་དངུལ་ལོར་གཞུང་བཞེས་བཏང་ཡོད། ཁོ་སུའོ་ཨོ་ས་ཁུལ་གྱི་དུས་བབ་སླར་ཡང་ཛ་དྲག་ཏུ་སོང་བས། སིར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས་དེའི་སྐོར་ལ་བརྙན་འཕྲིན་གཏམ་བཤད་སྤེལ་ནས་ལན་ཚ་པོ་བརྒྱབ་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
མགྲིན་ཚབ་པས་ཁོ་སུའོ་ཨོའི་གནད་དོན་སྐོར་ལ་ཀྲུང་གོ་ཕྱོགས་ཀྱིས་སིར་པི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྔར་རྒྱུན་བཞིན་བརྩི་འཇོག་བྱེད་ཀྱི་ཡོད། ཁོ་སུའོ་ཨོ་ས་ཁུལ་གྱི་སིར་པི་ཡ་རིགས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཕྱོགས་རྐྱང་པའི་བྱ་སྤྱོད་དེས་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་ཐོགས་མེད་པ་མ་ཟད། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ལའང་ཤུགས་རྐྱེན་ཐེབས་སྲིད་ཅེས་བརྗོད།
“འབྲེལ་ཡོད་ཕྱོགས་ཀྱིས་དངོས་སྒྲུབ་དང་དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་མུ་མཐུད་བྱས་ནས་ཁོ་སུའོ་ཨོའི་གནད་དོན་ཡུན་རིང་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱེད་དགོས”ཞེས་མགྲིན་ཚབ་པས་བརྗོད།