དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྗང་མདོག་ཞབས་ཞུའི་ཉོ་ཚོང་ལས་ཐཱན་ཉུང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆི་ཀྲི་མིང་དང་ལུའུ་ཁྲང་།   |     སྤེལ་དུས།  2024-09-19

    2024ལོའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་འགྲེམས་ཁང་དུ་ལྗང་མདོག་དང་ཐཱན་ཉུང་གི་རྣམ་པ་མངོན་བཞིན་འདུག འགྲེམས་སྟོན་ནས་ཚོགས་འདུའི་གླེང་སྟེགས་བར་ལྗང་མདོག་གི་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་རྒྱུན་ཆད་མེད་པར་ཐོན་པ་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་སྐྱེལ་སྟངས། ཐག་གཅོད་ཇུས་གཞི་བཅས་རྒྱུན་ཆད་མེད་པར་ཐོན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཀྲག་མདངས་བསྣན་པ་དང་ཐོན་སྐྱེད་ནུས་ཤུགས་གསར་མར་དྲང་ནུས་བསྣན་ཡོད།

    འོས་འཚམ་དང་གྲོན་ཆུང་གི་འདུ་ཤེས་མི་རྣམས་ཀྱི་འཚོ་བའི་ཕྱོགས་ཚང་མར་ཁྱབ་ཡོད། མོས་འདེམས་འགྲེམས་སྟེགས་ཀྱི་སྤྱི་ཕན་འགྲེམས་ཁུལ་དུ་སྐྱོད་སྐབས་མོས་འདེམས་ཚོགས་པས་ཏུང་ཧྭ་སློབ་ཆེན་དང་མཉམ་དུ་ལྟོ་སྣོད་རྙིང་པས་བཟོས་པའི་མྱུར་སྐམ་འོག་འཇུག་དང་ཐཱན་སྙོམ་ཡིག་ཆས་གསར་པ་སོགས་འགྲེམས་སྟོན་བྱས་ནས་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། འགྲེམས་སྟེགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ཚུར་བསྡུ་བྱས་པའི་བེད་མེད་འགྱིག་སྣོད་བསྐྱར་སྐྱེས་ལས་སྣོན་བཟོ་གྲྭར་དབོར་ནས་གཙང་འཁྲུད་དང་ཞིབ་ཞིབ་བཟོ་བ་སོགས་བྱས་པ་བརྒྱུད“ལྗང་མདོག”ཐོན་རྫས་མང་པོ་ལས་སྣོན་བྱེད་ཐུབ་ཀྱི་ཡོད་པ་རེད།

    ཞབས་ཞུའི་ཉོ་ཚོང་ཚོང་འདུས་འཚོག་ཡུལ་དུ་ལྗང་མདོག་འཛད་སྤྱོད་དར་སྲོལ་ཞིག་ཏུ་ཆགས་པ་མ་ཟད། ལྗང་མདོག་ཐོན་སྐྱེད་ཀྱང་གཙོ་རྒྱུན་དུ་གྱུར་ཡོད་པ་རེད།

    རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གི་ཐབ་ཆེན་བཞི་པའི་འགྲེམས་ཁང་དང་པོའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.2ཟིན་པའི་ཁོར་ཡུག་ཞབས་ཞུའི་ཆེད་དོན་འགྲེམས་ཁུལ་དུ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་མང་པོ་འདུས་ཡོད། གནམ་གཤིས་ཚོང་དོན་ཐཱན་དོ་དམ་ལ་ཁ་གཏད་གཅོག་པའི་གཅིག་འཐུས་རྣམ་པའི་མི་ཐབས་རིག་ནུས་ལག་རྩལ་གྱི་ཐོན་རྫས་དང་། ནུས་རྒྱུ་ཟད་གྲོན་ཧ་ཅང་དམའ་བའི་སྐྲུན་དངོས་དང་ལྗང་མདོག་ཁྱིམ་ཆས་གཞི་གཅིག་ཅན་གྱི་ལག་རྩལ། ནུས་ཆེའི་རིག་ནུས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོང་། འབར་རྒྱུ་བཅས་ཚོད་འཛིན་བྱེད་པའི་ལག་རྩལ་སོགས་ལྗང་མདོག་གི་ཐོན་སྐྱེད་ནུས་ཤུགས་གསར་མའི་ཚན་རྩལ་མཉམ་འདུས་འགྲེམས་ཁང་དུ་སྐྱོད་སྐབས་ལྗང་མདོག་ཚན་རྩལ་གྱི་ཐོན་རྫས་དང་ཞབས་ཞུ་རབ་དང་རིམ་པས་མི་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

    སྐབས་འདིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་ལྗང་མདོག་དཔལ་འབྱོར་སྔར་བས་མངོན་གསལ་དོད་དུ་བཏང་ནས་ཐོན་ལས་གསར་གཏོད་ལ་སྐུལ་འདེད་བཏང་ཡོད། དེའི་ནང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཞབས་ཞུའི“ཐཱན་གཉིས”འཐབ་ཇུས་ཀྱི་ཡོན་ཧྲིའི་གླེང་སྟེགས་སྐབས་གསུམ་པའི་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་གི་འབྲེལ་ཡོད་གླེང་གཞིར་བགྲོ་གླེང་བྱས་པ་དང་། གོ་ལ་ཧྲིལ་པོའི་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་གླེང་སྟེགས་ཐོག“གནམ་གཤིས་ཚོང་དོན་ཐཱན་གྱི་སྒོ་ཁྲལ་དང་ལྗང་མདོག་འགྲན་རྩོད་ནུས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས“པེ་ཅིང་ཐཱན་མེད་གླིང”གི་ཚོད་ལྟའི་འཆར་འགོད་དང་རོགས་ཟླའི་འཆར་གཞི་ལག་བསྟར་སོགས་ལ་མིང་རྟགས་བཀོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།