དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ལ་གྲུབ་འབྲས་སྟོང་ལ་ཉེ་བར་གྲོས་མཐུན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-19

    2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཚེས་16ཉིན་པེ་ཅིང་དུ་གྲོལ་བ་རེད། གསར་འགོད་པས་ཞབས་ཞུའི་ཉོ་ཚོང་ཚོང་འདུས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚོང་འདུས་རིང་ཚོང་འགྲིག་དང་མ་འཇོག་སོགས་རིགས་7གྱི་གྲུབ་འབྲས་སྟོང་ལ་ཉེ་བ་གྲོས་མཐུན་བྱུང་བ་དེ་དག་གཙོ་བོ་སྐྲུན་དངོས་དང་། དངུལ་རྩ། ཚོང་ལས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་ཏུ་བསྡུས་ཡོད་པ་རེད། རིམ་རྩིས་བྱས་ན་ཚོང་འདུས་ལ་ཞུགས་མཁན་ཁྲི་24.2ཙམ་ཟིན་པ་དང་ཆེད་ལས་ལྟད་མོ་བ་ཁྲི་10ལྷག་ཙམ་གདན་ཞུས་ལྟར་ཚོང་འདུས་ལ་ཞུགས་པ་དེ་ན་ནིང་ལས་20%འཕར་ཡོད་པ་རེད།

    ཚོང་འདུས་རིང་ཀྲུང་གོའི་ཞབས་ཞུའི་ཉོ་ཚོང་ཚོང་འདུས་འཕེལ་རྒྱས་ཀྱི་སྙན་ཞུ་དང་གྲངས་འཛིན་ཚོང་དོན་འཕེལ་རྒྱས་དང་མཉམ་ལས་ཀྱི་སྙན་ཞུ་སོགས་དབང་གྲགས་ལྡན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་ཡོད་པ་རེད། འཛམ་གླིང་གི་རབ་གྲས་500དང་དེ་བཞིན་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་དང་མངའ་ཁོངས་ཕྱི་ནང་གི་སྒྲིག་གཞི་སོགས་ཁེ་ལས་སྒྲིག་གཞི་111གིས་གྲངས་འཛིན་ཅན་དང་། མི་ཐབས་རིག་ནུས། སྨན་བཅོས་བདེ་ཐང་སོགས་ཁྱབ་ཁོངས་ཀྱི་གྲུབ་འབྲས་ཁག་219ཁྱབ་བསྒྲགས་བྱས་པ་དེ་སྐབས་གོང་མ་ལས་རྣམ་གྲངས་80འཕར་ཡོད་པ་རེད།

    ཞབས་ཞུའི་ཉོ་ཚོང་ཚོང་འདུས་རིང་ཉོ་ཚོང་ངོ་འཕྲད་གྲོས་མོལ་གྱི་རྣམ་པ་ཧ་ཅང་ཟབ་མོ་ཡོད་ཅིང་། རྒྱལ་སྤྱིའི་མཉམ་ལས་རྣམ་གྲངས་ཀྱི་ངོ་འཕྲད་གྲོས་མོལ་གྱི་འོས་སྦྱོར་འདུ་ཚོགས་སོགས་ཐེངས་56གཉེར་བའི་ནང་ཕྱི་རྒྱལ་གྱི་འབྲེལ་མཐུད་འདུ་ཚོགས་ཀྱི་རིམ་སྤེལ་བྱེད་སྒོ་10ཡོད་པ་རེད། སི་ཁྲོན་དང་ཧའེ་ནན་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ཡིས་བརྗོད་དོན་གཙོ་བོའི་བྱེད་སྒོ་12སྤེལ་ནས་ལེགས་ཆའི་ཁྱབ་ཁོངས་དང་རྣམ་གྲངས་འོས་སྦྱོར་བྱས་པ་རེད། “པེ་ཅིང་མ་འཇོག་མགྲོན་གཏུག་ཁང”བཏོད་དེ་ཆུས་དང་དཔལ་འབྱོར་གསར་སྤེལ་ཁུལ་16ཚང་མས་ཐད་གཏོང་དང་བློ་འདྲིའི་ངོ་འཕྲད་གྲོས་མོལ་གྱི་བྱེད་སྒོ་སྤེལ་ནས་པེ་ཅིང་གི་ཐོན་ལས་ཆ་འཕྲིན་དང་རྒྱབ་སྐྱོར་སྲིད་ཇུས་གསར་ཤོས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་མ་ཟད། མ་དངུལ་འཇོག་འདོད་མཁན་དང“ངོ་འཕྲད་གླེང་མོལ”ཡང་བྱས་པ་རེད།

    པེ་ཅིང་གྲོང་ཁྱེར་གྱི་ཆུས་ཁག་དང་ཆེད་དོན་ཁག་གི་ཚོང་འགྲིག་ཚད་སྐབས་གོང་མ་ལས་མཐོ་བ་ཡོད་པ་རེད། “པེ་ཅིང་ཉིན་མོ”དང་ཅིང་ཅིན་ཅིའི་མཐུན་སྦྱོར་ཚོང་འགུགས་འོས་སྦྱོར་འདུ་ཚོགས་འཚོགས་ནས་ས་ཁུལ་གསུམ་གྱིས་མཉམ་དུ་ཚོང་འགུགས་མ་འདྲེན་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་202ཁྱབ་བསྒྲགས་བྱས་པ་དང་རྣམ་གྲངས་24ལ་གྲུབ་འབྲས་ཐོབ་པའི་ངང་མིང་རྟགས་བཀོད་པ་དང་། དབྱི་ཀྲོང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་དངོས་སུ་ཐོབ་པ་ཁྱབ་བསྒྲགས་བྱས་པ་དེ་རྒྱལ་ཡོངས་ཀྱི་ཆོག་མཆན་ཐོབ་ཚད་མགྱོགས་ཤོས་ཀྱི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།