ཁྲོན་བོད་མཛེས་རྩལ་མཁས་པའི་སྤེལ་རེས་འགྲེམས་སྟོན་སྐབས་གཉིས་པ་གཉེར་བ།
ཉེ་ཆར། བོད་རང་སྐྱོང་ལྗོངས་མཛེས་རྩལ་མཁས་ཅན་མཐུན་ཚོགས་དང་སི་ཁྲོན་ཞིང་ཆེན་མཛེས་རྩལ་མཁས་ཅན་མཐུན་ཚོགས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། བོད་ལྗོངས་མཛེས་རྩལ་ཁང་གིས་གཉེར་རོགས་བྱས་པའི“རི་བཅད་ཁ་བརྡ། ཁྲོན་བོད་མཛེས་རྩལ་མཁས་པའི་སྤེལ་རེས་འགྲེམས་སྟོན་སྐབས་གཉིས་པ”བོད་ལྗོངས་མཛེས་རྩལ་ཁང་དུ་གཉེར་བ་རེད། ཐེངས་འདིའི་དུས་ཡུན་ཉིན་15ཡི་འགྲེམས་སྟོན་རིང་། ཁྲོན་བོད་ས་ཁུལ་གཉིས་ཀྱི་མཛེས་རྩལ་མཁས་ཅན་གྱི་གསར་རྩོམ་བརྩམས་ཆོས་གསར་ཤོས་100གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་བོད་དང་སི་ཁྲོན་ས་ཁུལ་གཉིས་ཀྱི་རི་ཆུ་དང་། རིག་གནས། དུས་རབས་བཅས་ཀྱི་མཛེས་སྡུག་མངོན་པར་བྱས་ཡོད་པ་རེད། འདི་ནི་ཁྲོན་བོད་ས་ཁུལ་གཉིས་ཀྱི་མཛེས་རྩལ་མཁས་ཅན་དང་ལྟད་མོ་བས་འགྲེམས་སྟོན་ལ་ལྟ་བཞིན་པ།