དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་དང་པོ་ནས་བདུན་པའི་བར་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་18%འཕར་བ།

    ཟླ་དང་པོ་ནས་བདུན་པའི་བར་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ་དུས་མཚུངས་ལས་18%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-19

    ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་18%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་12.1གིས་མཐོ་བ་ཡོད་པ་དང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། དེའི་ནང་མངའ་རིས་ས་ཁུལ་གྱི་འཕར་ཚད་49.0%ཟིན་ནས་འཕར་ཚད་ཨང་དང་པོར་སླེབས་པ་དང་། ལྗང་མདོག་བཟོ་ལས་ཀྱི་གཏན་འཇཊ་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་86.10ཟིན་པ་དེས་ལོ་འཁོར་གྱི་སྒོར་དུང་ཕྱུར་140ཡི་དམིཊ་ཚད་ཀྱི་61.5%ཟིན་པ་དང་གཞི་ཁྱོན་ཡན་འཕར་བའི་བཟོ་ལས་ཁེ་ལས་13མང་དུ་ཕྱིན་ནས་དཔལ་འབྱོར་གྱི་ནང་སྐྱེས་སྒུལ་ཤུཊ་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད། 

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བདུན་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་། ལྷག་པར་དུ། ལྕགས་རིགས་ཀྱི་རིན་གོང་རྒྱུན་མཐུད་མཐོ་པོ་ཡོད་པ་དེས་བོད་ཀྱི་གཏེར་འདོན་ལས་རིགས་རྒྱུན་མཐུད་མཐོ་པོའི་ངང་འཕར་བར་སྐུལ་ཁྲིད་ཐུབ་ཡོད། ད་ལོ་བོད་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་སྡེ་ཚན་གྱིས་རྒྱུན་མཐུད་གསོག་འབོར་ལེགས་གཏོང་དང་། འཕར་ཚད་རྒྱ་སྐྱེད། འབོར་ཚད་གསར་སྐྱེད། འགྱུར་ཚད་དོན་གཉེར་བཅས་བྱས་པས་བཟོ་ལས་དཔལ་འབྱོར་གྱི་འཕར་ཚད་མགྱོགས་སུ་ཕྱིན་པ་དང་། མཐུན་རྐྱེན་རྒྱུན་ཆད་མེད་པར་བསགས་པ། “བརྟན་པོ”དང“ཡར་འཕེལ”གྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱིས་ལོ་འཁོར་མོའི་དམིགས་ཚད་ལེགས་གྲུབ་ཡོང་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

    བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཞབས་ཞུའི་འགན་སྲུང་ལེགས་སུ་ཟམ་མི་ཆད་པར་བཏང་ཞིང་། 《བོད་ཀྱི་དཔལ་འབྱོར་དང་ཆ་འཕྲིན་ཅན་ཁོངས་གཏོགས་ཀྱི་2024ལོའི་ཚོང་འགུགས་མ་འདྲེན་ལས་དོན་གྱི་གཙོ་གནད》བཟོས་ནས་བཀྲམ་སྟེ་རྣམ་གྲངས་ཀྱི་བབ་བསྟུན་དོ་དམ་ལག་ལེན་བསྟར་བ་དང་། སྔོན་དཔག་བྱས་ན་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་32གཏོང་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས“གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་བརྡ་ཁྱབ། དུས་ཚིགས་རེར་ཕྱོགས་སྡོམ”བཅས་ཀྱི་ལམ་སྲོལ་འཁོར་རྒྱུག་བདེ་བླག་ཡོང་བར་འགན་ལེན་བྱས་ཏེ་འཕེལ་སྒྱུར་དང་བསྡོམས་རྩིས་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྦྱོར་བཀོད་གཏོང་ལ་སྐུལ་འདེད་གཏོང་བ། དབྱེ་ཞིབ་དང་ཞིབ་དཔྱད་ལ་ཤུགས་སྣོན་རྒྱག་པ། སྔོན་དཔག་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། གནད་སྨིན་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་བྱེད་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད། སྔོན་དཔག་བྱས་ན། ཟླ་དང་པོ་ནས་དགུ་པའི་བར་བོད་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་ཀྱི་རིན་ཐང་དུས་མཚུངས་ལས་15%ཡན་འཕར་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།