དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་མཆོད་དུས་ཆེན་གྱི་དགུང་གསེང་ཉིན་དང་པོར་མི་ཐེངས་དུང་ཕྱུར་2.1ལྷག་ཙམ་ཕྱོགས་ལ་ཐོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་ཤེས་རྟོགས་བྱས་པར། ཟླ་9ཚེས་15ཉིན(ཟླ་མཆོད་དུས་ཆེན་གྱི་དགུང་གསེང་ཉིན་དང་པོ)སྤྱི་ཚོགས་ཡོངས་ཀྱི་མི་སྣ་ས་ཁོངས་སྒྲོལ་ནས་འགྲོ་འོང་བྱེད་ཚད་མི་ཐེངས་ཁྲི་21592.4ཟིན་པ་དེ་2023ལོའི་དུས་མཚུངས་ལས་37.9%འཕར་ཡོད།

    ཞིབ་ཕྲ་བལྟས་ན། ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་1708.5སྐྱེལ་འདྲེན་བྱས་པ་དང་། ཆུ་ལམ་ནས་འགྲུལ་པ་མི་ཐེངས་ཁྲི་54.41སྐྱེལ་འདྲེན་བྱས་པ། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་མི་ཐེངས་ཁྲི་184.49སྐྱེལ་འདྲེན་བྱས་ཡོད།

    གཞུང་ལམ་ནས་འགྲོ་འོང་བྱེད་ཚད(དེའི་ནང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མའི་ཚོང་གཉེར་མིན་པའི་འགྲུལ་འཁོར་ཆུང་གྲས་སྤྱད་ནས་ཕྱོགས་ལ་ཐོན་ཚད་དང་གཞུང་ལམ་ཐོག་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་ཚུད་པ)མི་ཐེངས་ཁྲི་19645ཟིན་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མའི་ཚོང་གཉེར་མིན་པའི་འགྲུལ་འཁོར་ཆུང་གྲས་སྤྱད་ནས་ཕྱོགས་ལ་ཐོན་ཚད་མི་ཐེངས་ཁྲི་16007ཟིན་པ་དང་གཞུང་ལམ་ཐོག་ཚོང་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི་3638ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།