དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་ནས་ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་ཏེ་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཟས་རིགས་ཆེན་པོའི་ལྟ་བ་ལག་ལེན་བསྟར་ནས་སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྨོ་ཞིང་གི་ཐོན་ཁུངས་ནས་རྒྱལ་ཁབ་ས་ཆའི་ཐོན་ཁུངས་ཡོངས་རྒྱ་སྐྱེད་དང་། སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་དང་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ཁུངས་ནས་དེ་བས་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་ཀྱི་ཕྱོགས་སུ་རྒྱ་སྐྱེད་བཏང་སྟེ་ཟས་རིགས་ཀྱི་སྣ་ཁ་གསར་པ་དང་། ཁྱབ་ཁོངས་གསར་པ། ལག་རྩལ་གསར་པ་བཅས་གསར་སྤེལ་བྱེད་པར་སྐུལ་འདེད་ནུས་ལྡན་གཏོང་བ་དང་། སྣ་མང་ཅན་གྱི་ཟས་རིགས་མཁོ་སྤྲོད་མ་ལག་མགྱོགས་མྱུར་སྐྲུན་པ། ཟས་རིགས་མཁོ་སྤྲོད་དོ་སྙོམས་ཡོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

    《བསམ་འཆར》ནང་ཕྱོགས་གསུམ་ཐད་ཀྱི་གཙོ་གནད་ལས་འགན་ཁག་14བཏོན་ཡོད་པ་སྟེ། གཅིག་ནས་ཕྱོགས་ཡོངས་དང་ཐབས་ལམ་མང་པོའི་ཐོག་ནས་ཟས་རིགས་ཐོན་ཁུངས་གསར་སྤེལ་བྱས་ཏེ་ཟས་རིགས་ཡོང་ཁུངས་མང་དུ་གཏོང་དགོས་ཤིང་། ཐོན་ནུས་སྲ་བརྟན་དང་མཐོ་རུ་བཏང་ནས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། དཔལ་འབྱོར་ནགས་ཤིང་དང་ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ཧུར་ཐག་བཏང་ནས་ནགས་ཚལ་ཟས་རིགས་ཐོན་ཁུངས་བརྟན་པོའི་ངང་གསར་སྤེལ་བྱེད་དགོས། གཟན་རྩྭའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྩྭ་གཟན་ཕྱུགས་ཟོག་གི་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས། མཚོ་གཏིང་གསོ་སྤེལ་འཕེལ་རྒྱས་མགྱོགས་སུ་བཏང་ནས་གཙང་པོ་དང་། མཚེའུ། རྒྱ་མཚོ་བཅས་ཀྱི་ཟས་རིགས་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་གསར་སྤེལ་བྱེད་དགོས། དེང་རབས་ཀྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་མགྱོགས་མྱུར་བཏང་ནས་ཟས་རིགས་གསར་སྤེལ་གྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་དགོས། སྐྱེ་དངོས་ཞིང་ལས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ཟས་རིགས་ཐོན་ཁུངས་གསར་པ་གསར་འབྱེད་བྱེད་དགོས། བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་ནས་བཟའ་བྱའི་ཤ་མོའི་ཟས་རིགས་གསར་སྤེལ་བྱེད་དགོས། གཉིས་ནས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཟས་རིགས་གསར་སྤེལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། ཟས་རིགས་གསར་སྤེལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་སོན་གསོ་གསར་གཏོད་མགྱོགས་སུ་བཏང་ནས་ཟས་རིགས་ཀྱི་ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་མ་ལག་སྐྲུན་དགོས། གསུམ་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཟས་རིགས་གསར་སྤེལ་གྱི་རིན་ཐང་འཁོར་འབྲེལ་མཐོ་རུ་གཏོང་དགོས་ཤིང་། ཟས་རིགས་ལས་སྣོན་དང་འཁོར་རྒྱུག་ཐོན་ལས་ཀྱི་ཆུ་ཚད་མཐོར་གཏོང་དང་། ཟས་རིགས་ཐོན་ལས་གཅིག་འདུས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད། ཟས་རིགས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ཆུ་ཚད་མཐོར་གཏོང་བཅས་བྱས་ནས་ཟས་རིགས་ཀྱི་འཚོ་བཅུད་དང་བདེ་ཐང་གི་འཛད་སྤྱོད་ལ་ཁྲིད་སྟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།