དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི“ཨེ་ཤེ་ཡ་ཤར་མའི་རིག་གནས་གྲོང་ཁྱེར”གྱི་སྒོ་བྱང་སྤྲོད་པའི་མཛད་སྒོ་རི་པིན་དུ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-18

    ཤིན་ཧྭ་གསར་འགྱུར་ཁང་རི་པིན་གྱི་གྲོང་ཁྱེར་ཅིང་ཏུའུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་རི་ཧན་གསུམ་གྱི་རིག་གནས་པུའུ་ཀྲང་ཚོགས་འདུ་ཐེངས་15པ་རི་པིན་གྱི་གྲོང་ཁྱེར་ཅིན་ཏུའུ་རུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་དང་། རི་པིན་གྱི་ལེན་ཚང་གྲོང་ཁྱེར། ཧན་གོའི་ཨན་ཁྲེང་གྲོང་ཁྱེར་བཅས་ལ་2025ལོའི“ཨེ་ཤེ་ཡ་ཤར་མའི་རིག་གནས་གྲོང་ཁྱེར”གྱི་དྲན་གསོའི་སྒོ་བྱང་སྤྲད་པ་རེད།

    ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀྲེང་དང་། རི་པིན་གྱི་རིག་གནས་པུའི་ཚན་རིག་བློན་ཆེན་ཧྲེང་ཧྲན་ཀྲེང་རེན། ཧན་གོའི་རིག་གནས་ལུས་རྩལ་ལྟ་སྐོར་པུའི་དཔོན་རིགས་གཞོན་པ་ལུང་ཧའོ་ཧྲེང་བཅས་ཚོགས་འདུར་ཞུགས་པ་རེད། ཕྱོགས་གསུམ་པོས་ཀྲུང་རི་ཧན་གསུམ་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་བསམ་འཆར་བརྗེ་རེས་བྱས་ཏེ་ཐུན་མོང་ཐོག《2024ལོའི་ཅིན་ཏུའུ་ཡི་བསྒྲགས་གཏམ》དང《2025ལོ་ནས་2026ལོའི་ཀྲུང་རི་ཧན་གསུམ་གྱི་རིག་གནས་སྤེལ་རེས་ལོའི་མཉམ་ལས་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་པ་དང་འབྲེལ་2025ལོའི“ཨེ་ཤེ་ཡ་ཤར་མའི་རིག་གནས་གྲོང་ཁྱེར”ལ་བདམས་ཐོན་བྱུང་བའི་རྒྱལ་ཁབ་གསུམ་གྱི་གྲོང་ཁྱེར་ལ་དྲན་གསོའི་སྒོ་བྱང་སྤྲད་པ་རེད། ད་དུང་ཚོགས་འདུའི་རིང་ཀྲུང་རི་དང་། ཀྲུང་ཧན། རི་ཧན་བཅས་ཀྱི་ཕྱོགས་གཉིས་པོའི་གྲོས་མོལ་བྱས་པ་དང་སྦྲགས“ཀྲུང་རི་ཧན་གསུམ་གྱི་སྒྱུ་རྩལ་དུས་ཆེན”གྱི་བྱེད་སྒོ་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།