“ན་ཀྲ་དཀར་པོས”བོད་བྱང་ཐང་མི་མེད་ཁུལ་དུ་ཚན་རིག་ལྟ་ཞིབ་ཚད་ལེན་ཐོག་མ་བྱས་པ།
འདི་ནི་བོད་བྱང་ཐང་མི་མེད་ཁུལ་དུ་ཚན་རིག་རྟོག་ཞིབ་བྱེད་པའི“ན་ཀྲ་དཀར་པོའི”མདུན་དུ་ཚན་རིག་རྟོག་ཞིབ་རུ་མི་ཁག་གཅིག་མཉམ་པར་རྒྱག་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། “ན་ཀྲ་དཀར་པོའི”གཟུགས་དང་འདྲ་བའི་ཅི་མུའུ་རྟགས་ཅན་དང་པོའི་Iདབྱིབས་ཀྱི་མཁའ་ལྡིང་ལྒང་གྲུས་བོད་ལྗོངས་མཚོ་གཉིས་སུ་དུས་ཡུན་ཉིན་22རིང་གི་ཚན་རིག་ལྟ་ཞིབ་ཚད་ལེན་ཐེངས་8པ་དེ་བྱས་པ་རེད།
ད་ལོའི་ཟླ་བ་8པར་ལས་འགོ་བཙུགས་པའི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ལས་དོན་ཐེངས་གཉིས་པའི“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད། ‘འཁྱགས་ཐང་གཅིག་དང་། མཚོ་གཉིས། ཆུ་བོ་གསུམ’གྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་གལ་ཆེན་གྱི་བྱེད་སྒོའི”ཆ་ཤས་ཤིག་ཡིན་པའི་རང་རྒྱལ་གྱིས་རང་ཚུགས་ཐོག་ཞིབ་འཇུག་གསར་སྤེལ་བྱས་པའི་སོར་གནས་མཁའ་དབྱིངས་ཚན་རིག་ལྟ་ཞིབ་ཚད་ལེན་ལས་སྟེགས་དེའི་འཕུར་སྐྱོད་མཐོ་ཚད་སྨི་4920ཟིན་པ་དང་། འཕུར་སྐྱོད་ཐེངས་8བྱས་པའི་མཁའ་ལྡིང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་6300ཟིན་ཡོད་ལ། དེས་ཁྱེར་བའི་ཚན་རིག་འཚོལ་ཞིབ་དཔྱད་ཆས་རིགས་སྣ་ཚོགས་ཀྱིས་ལྟ་ཞིབ་ཀྱི་གྲངས་གཞི་ཕུན་སུམ་ཚོགས་པོ་བསྡུ་ལེན་ཐུབ་ཡོད་པ་རེད།
ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གི་བསླབ་པ་རྒན་གྲས་དང་བཟོ་སྐྲུན་ལག་རྩལ་ཆེ་མོ་བ་ཧོ་ཙེ་ཆིང་གིས“ཐེངས་འདིའི་ཚན་རིག་རྟོག་ཞིབ་ཀྱི་འཕུར་སྐྱོད་བྱ་ཡུལ་དེ་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཏེ། བོད་ལྗོངས་མཚོ་གཉིས་རྫོང་དུ་གནས་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལས་བརྒལ་ཡོད། ས་བབ་ཆེས་མཐོ་བའི་ས་ཁུལ་དུ་འཕུར་སྐྱོད་ཐུབ་ཕྱིར། ཅི་མུའུ་རྟགས་ཅན་དང་པོའི་Iདབྱིབས་ཀྱི་རྨང་གཞིའི་ཐོག་ས་མཐོའི་ཁོར་ཡུག་ལ་འཕྲོད་པ་དང་གནད་སྨིན་ཁོར་ཡུག་འཚོལ་དཔྱད་སོགས་ལ་དམིགས་ནས། མཁའ་ལྡིང་ལྒང་གྲུར་ལེགས་སྒྲིག་བྱས་ཡོད”ཅེས་བརྗོད་པ་དང་། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་ཟླ་བ་9པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་པ་རེད།