དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་རིགས་ཁོངས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“གཤམ་སྤེལ་ལྔ་དང་སློབ་སྦྱོང་ལྔ”ཡི་བྱེད་སྒོ་ཉིང་ཁྲིར་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-18

    ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་རིགས་ཁོངས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིགས་གཅིག་མཁས་པ་དང་མཁས་དབང་སྒྲིག་འཛུགས་བྱས་ཏེ། ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་རྒྱ་མདའ་རྫོང་དང་སྣང་རྫོང་དང་། སྨན་གླིང་གྲོང་ཁྱེར། དེ་བཞིན་བྲག་ཡིབ་ཆུས་ཀྱི་འབྲེལ་ཡོད་གྲོང་ལྷན་དང་། སྡེ་ཁུལ། སློབ་གྲྭ་བཅས་སུ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“གཤམ་སྤེལ་ལྔ་དང་སློབ་སྦྱོང་ལྔ”ཡི་བྱེད་སྒོ་སྤེལ་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དྲིལ་བསྒྲགས་བྱས་པར་ཞིང་འབྲོག་མང་ཚོགས་800ཙམ་གྱིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཉན་པ་རེད།

    བྱེད་སྒོ་སྤེལ་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་བཀྲ་ཤིས་སྟོབས་རྒྱལ་གྱིས་ཞིང་འབྲོག་མང་ཚོགས་ལ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བརྗོད་དོན་གཙོ་བོ་དང་། སྤྱིའི་དམིགས་ཚད། རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། གཞི་རྩའི་འགན་ལེན་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་མ་ཟད། ད་དུང་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་དར་རྒྱས་དང་། ཞིང་འབྲོག་ལས་འཕེལ་རྒྱས། མཐའ་མཚམས་བདེ་སྡོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་ཀྱི་གནས་ཚུལ་དང་དེ་བཞིན་སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱེད་ནུས་ཆེ་རུ་གཏོང་བ་དང་། མཐའ་མཚམས་ས་ཁུལ་གྱི་སྒོ་འབྱེད་ཆུ་ཚད་མཐོ་རུ་གཏོང་བ། མཐའ་མཚམས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གཙོ་གནད་དུ་བཟུང་ནས་རྒྱས་བཤད་ཀྱང་བྱས་པ་རེད།

    དེའི་རིང་རིགས་གཅིག་མཁས་པ་དང་མཁས་དབང་གིས་ད་དུང་གཞི་རིམ་གྱི་སྒྲོག་འགྲེལ་པའི་སྒྲོག་འགྲེལ་གྱི་ནང་དོན་དང་སྒྲོག་འགྲེལ་བྱེད་ཐབས་ལ་ས་གནས་ས་ཐོག་ཏུ་དཔྱད་བརྗོད་དང་མཛུབ་ཁྲིད་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།