བོད་ཀྱིས“9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་དོན་ཁག་དྲིལ་བསྒྲགས་རྒྱ་ཁྱབ་བྱ་ཆེད། ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཁྲེང་ཀོན་ཆུས་བཅས་ཀྱི་འབྲེལ་ཡོད་ཚན་པ་76དང་མཉམ་དུ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“9·16དུས་བདེའི་བོད་ལྗོངས་དྲིལ་བསྒྲགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི། ཐིང་ཀྲང་བཅས་ཡིན་པའི་ཀྲང་ཧུང་པོ་དང་། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན། ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་དང་བཅས་པ་དྲིལ་བསྒྲགས་བྱེད་སྒོར་མཛུབ་ཁྲིད་གནང་བར་ཕེབས་པ་རེད།
ཀྲང་ཧུང་པོ་ཡིས་དྲིལ་བསྒྲགས་ས་ཚིགས་ཁག་ཏུ་ཚན་པ་ཁག་གི་དུས་བདེ་འཛུགས་སྐྱོང་གི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་མཛུབ་ཁྲིད་ཀྱང་གནང་ཞིང་། ཚན་པ་ཁག་གིས་ལྗོངས་བབ་དང་ཟུང་འབྲེལ་དང་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་གྱིས། སྤེལ་རེས་དང་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་སོགས་ཀྱི་དུས་བདེ་འཛུགས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་གསུངས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ཚན་པ་ཁག་གིས་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ལ་ཤུགས་སྣོན་རྒྱག་རྒྱུ་ནང་དོན་གཙོ་བོར་བྱས་ནས། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་བརྒྱུད་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་དང་གྲོང་ཁྱེར་གཞན་གྱིས་ཀྱང་དྲིལ་བསྒྲགས་བྱེད་སྒོ་མཉམ་དུ་སྤེལ་བ་རེད།