དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ཇོ་མོ་གླང་མའི་པར་རྒྱག་འགྲན་བསྡུར་ཆེ་མོའི་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-17

    འདི་ནི་གྲོང་མིས་པར་རྒྱག་འགྲན་བསྡུར་ཆེ་མོའི་བརྩམས་ཆོས་ལ་ལྟ་བཞིན་པ།

    ཉེ་དུས་དུས་ཡུན་གཟའ་འཁོར་གཅིག་གི་གཞིས་རྩེ་གྲོང་ཁྱེར་གྱི“ཇོ་མོ་གླང་མའི་ངོ་མཚར”ཞེས་པའི་ཇོ་མོ་གླང་མའི་པར་རྒྱག་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པ་གཞིས་རྩེའི་དཀོན་མཆོག་གླིང་གར་གཉེར་བ་དང་། ལྗོན་ཤིང་འོག་དང་ལམ་འགྲམ་དུ་པར་རྒྱག་བརྩམས་ཆོས་རེ་རེ་གྲལ་འགྲིག་པོས་བསྒྲིགས་ཡོད་པས་པར་རྒྱག་ལ་དགའ་ཞེན་ཡོད་མཁན་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྲོང་མི་ཚོ་ལྟ་བར་ཡོང་རྒྱུའི་ཡིད་དབང་བཀུག་ཡོད། ད་ཐེངས་ཀྱི“ཇོ་མོ་གླང་མའི་ངོ་མཚར”ཞེས་པའི་ཇོ་མོ་གླང་མའི་པར་རྒྱག་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམས་སྟོན་དེ“འཛམ་གླིང་ཡང་རྩེའི་ཉམས་འགྱུར”དང་། “མཛེས་པའི་ཕ་ཡུལ” “བཀྲ་ཤིས་པའི་གཞིས་རྩེ”བཅས་ཁག་གསུམ་དུ་དབྱེ་ནས་ཁྱོན་བརྩམས་ཆོས་ཁག་120འགྲེམས་སྟོན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།