དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་ཀྱི(ཞ་མོན)ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-17

     ཉེ་ཆར། རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་དང་ཚོང་དོན་ཐིང་གིས་སྒྲུབ་འགན་འཁུར་བའི་བོད་རང་སྐྱོང་ལྗོངས་ཀྱི(ཞ་མོན)ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་ཞ་མོན་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་རྣམ་གྲངས་4ལ་གན་རྒྱ་བཞག་པ་དང་། འདོད་མོས་མ་འཇོག་ཁྱོན་སྒོར་དུང་ཕྱུར་2ཟིན་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད།

    ཐེངས་འདིའི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུའི་ཐོག“རི་ཆུ་བརྒལ་ནས་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཆབས་ཅིག ཁེ་ལས་པར་དུས་རབས་གསར་པའི་བོད་ཀྱི་མ་འཇོག་ཁོར་ཡུག་དང་གོ་སྐབས་དང་དེ་བཞིན་རྣམ་གྲངས་ཁག་འོས་སྦྱོར་བྱས་ནས། ཧྥུའུ་ཅན་དང་བོད་ཀྱི་དཔལ་འབྱོར་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།