ཁ་གཏད་བོད་སྐྱོར་བྱས་ནས་ལོ་30འཁོར་བ།
བགྲོད་དཀའི་འཕྲང་ལམ་རིང་མོ་རུ། བདེ་ཞིང་ཡངས་པའི་ལམ་ཆེན་བསྐྲུན།
ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30སོང་རིང་། འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཁག་ཐེངས་10ཡི་རིང་ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པ་མི་ཐེངས་61བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་གནས་གལ་ཆེན་དུ་ལས་ཀ་བྱེད་པར་མངགས་པ་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ནས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་ལ་བོད་སྐྱོར་ལས་བྱེད་པ་ཁྱོན་121ལས་ཀར་མངགས་ཡོད། གཞན་ཡང་། རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དོ་དམ་ལས་བྱེད་པ་དང་། ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན། མཁས་དབང་མང་པོ་ཞིག་དཀའ་ངལ་ཁྱད་བསད་ཀྱིས་བོད་དུ་ཚན་ཞིབ་དང་ལག་རྩལ་གྱི་འགག་གནད་སྒྲོལ་བར་སླེབས་ཡོད།
འགྲིམ་འགྲུལ་ལས་དོན་པ་མི་རབས་མང་པོས་དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད། ད་ཆ་བོད་ལྗོངས་ཀྱི་ལྷ་ས་ལྟེ་བར་བྱེད་པ་དང་། ནང་ཁུལ་དུ་སི་ཁྲོན་དང་། ཡུན་ནན། མཚོ་སྔོན། ཤིན་ཅང་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་སྦྲེལ་ཞིང་ཕྱི་རོལ་དུ་ནེ་པ་ལ་དང་སྦྲེལ་བའི་གཞུང་ལམ་བསྐྲུན་པ་མ་ཟད། ད་དུང་ལྷ་ས་ནས་ཉིང་ཁྲི་བར་དང་། ལྷ་ས་ནས་ནག་ཆུ་བར། ལྷ་ས་ནས་གཞིས་རྩེ་བར་བཅས་ཀྱི་རིམ་མཐོའི(མྱུར་བགྲོད)གཞུང་ལམ་ཡང་བསྐྲུན་ཡོད། གཞན་ཡང་། ཆབ་མདོ་དང་མངའ་རིས་སོགས་ས་ཁུལ་དང་གྲོང་ཁྱེར་དུ་རིམ་མཐོའི་གཞུང་ལམ་སྐྲུན་བཞིན་ཡོད། བོད་ལྗོངས་སུ“གཞུང་བཞི་འཕྲེད་གསུམ་ལམ་བརྒྱད”ཀྱི་གཞུང་ལམ་དྲ་བའི་སྒྲོམ་གཞི་རགས་ཙམ་ཆགས་པ་མ་ཟད“གྲོང་ཁྱེར་ལྔ་ཆུ་ཚོད་གསུམ་ནང་ཚུན་དུ་སྐོར་ཐུབ་པའི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་ཀྱི་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་གྲུབ་བཞིན་ཡོད། ཟླ་7ཚེས་31ཉིན་བར་བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12.33ཟིན་པ་དང་དེའི་ནང་རིམ་མཐོའི་གཞུང་ལམ་སྤྱི་ལེ་1196ཟིན་གྱི་ཡོད།
འདི་ནི་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི(མྱུར་བགྲོད)གཞུང་ལམ་དང་སྔར་བཞིན་བེད་སྤྱོད་བྱེད་པའི་གཞུང་ལམ་རྙིང་པ(གཡོན)ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཁོངས་ཀྱི་གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི(མྱུར་བགྲོད)གཞུང་ལམ་རྣམ་གླིང་དུམ་བུ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི(མྱུར་བགྲོད)གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་དར་གྱིས་པར་བླངས།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཉང་ཆུ་འཕྲེད་བཅད་བཏང་བའི་ལྷ་ཉིང་རིམ་མཐོའི(མྱུར་བགྲོད)གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཁོངས་ཀྱི་གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།
འདི་ནི་ཉིང་ཁྲི་གྲོང་ཁྱེར་ཁོངས་ཀྱི་ཉང་ཆུ་འཕྲེད་བཅད་བཏང་བའི་ལྷ་ཉིང་རིམ་མཐོའི(མྱུར་བགྲོད)གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་དར་གྱིས་པར་བླངས།
འདི་ནི་མཁའ་དབྱིངས་ནས་པར་བླངས་པའི་ལྷ་ཉིང་རིམ་མཐོའི(མྱུར་བགྲོད)གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་བསྟན་འཛིན་ཉི་དར་གྱིས་པར་བླངས།
འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་ཁོངས་ཀྱི་གཞུང་ལམ་ཡིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས།