དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་ཁྲི་16ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-17

    འདི་ནི་ཟླ་9ཚེས་13ཉིན། བསྐྱར་དར་རྟགས་ཅན་གྱི་ཚོད་ལྟའི་མེ་འཁོར་ལུང་ལུང་མྱུར་བགྲོད་ལྕགས་ལམ་གྱི་མེ་ལུང་དུམ་བུའི་ཡེ་ཝུའུ་ཟམ་ཆེན་དུ་སྐྱོད་པའི་རྣམ་པ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་ཕྱེད་ཀར་མེ་འཁོར་ཐེངས་G8491མེ་ཀྲོའུ་ནུབ་ཚུགས་ནས་དལ་བུར་ཐོན་པ་ལས་ལུང་ཡན་ནས་ལུང་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་མེ་ཀྲོའུ་ནུབ་ཚུགས་ནས་ལུང་ཁྲོན་ནུབ་ཚུགས་བར་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། དེ་ནས་བཟུང་ཀྲུང་གོའི་ལྕགས་ལམ་གཉེར་སྐྱོང་ལམ་ཚད་སྤྱི་ལེ་ཁྲི་16ལས་བརྒལ་ཏེ་རང་རྒྱལ་གྱི་ལྕགས་ལམ་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།

    རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པའི་ལྕགས་ལམ་ནི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“སྔོན་སྐྱོད་པ”ཞིག་རེད། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་ལྕགས་ལམ་བྱ་གཞག་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། རྒྱལ་ཁབ་ལྕགས་ལམ་ཚོགས་པས་བསྡོམས་རྩིས་བྱས་པར་གཞིགས་ན། 2012ལོ་ཚུན་དུ། ཀྲུང་གོའི་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་9.65བཏང་བ་དང་རིམ་རྩིས་བྱས་ན་ལྕགས་ལམ་སྤྱི་ལེ་ཁྲི་6.6བསྐྲུན་ནས་སྤྱོད་འགོ་ཚུགས་པའི་ནང་མྱུར་བགྲོད་ལྕགས་ལམ་སྤྱི་ལེ་ཁྲི་3.8ཟིན་ཏེ་ལྕགས་ལམ་དང་མྱུར་བགྲོད་ལྕགས་ལམ་གཉེར་སྐྱོང་གི་ལམ་ཚད་རིང་དུ་འགྲོ་ཚད་འཛམ་གླིང་ཐོག་གི་རྒྱལ་ཁབ་གཙོ་བོའི་ལྕགས་ལམ་ལས་རིང་བ་ཡོད་པ་རེད།

    མིག་སྔར། ཀྲུང་གོའི་ལྕགས་ལམ་རྒྱལ་ཡོངས་ཀྱི་མི་འབོར་ཁྲི་20ཡན་གྱི་གྲོང་ཁྱེར་99%ལ་ཁྱབ་པ་དང་མྱུར་བགྲོད་ལྕགས་ལམ་རྒྱལ་ཡོངས་ཀྱི་མི་འབོར་ཁྲི་50ཡན་གྱི་གྲོང་ཁྱེར་96%ལ་ཁྱབ་ནས་ལམ་དྲ་ཁྱབ་ཚད་དང་མི་རེའི་ཆ་སྙོམས་ལྕགས་ལམ་དབང་ཚད་ཆེས་ཆེར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།