དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་མུ་མཐུད་ཆེ་རུ་བཏང་ནས་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-17

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། སྨན་བཅོས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྨན་བཅོས་འགན་བཅོལ་གྱི་སྒྱུར་བཅོས་ཀྱི་གྲུབ་འབྲས་ལས་འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ལ་ཕན་པ་དེ་བས་མང་བ་འཐོབ་པར་བྱ་ཆེད། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་རྣམ་གྲངས་ཀྱི་བྱེད་ནུས་གཏན་འཁེལ་དང་། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ། བདེ་འཇགས་ནུས་པ། ཐེབས་རྩའི་ཐེག་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། སྨན་བཅོས་ཞབས་ཞུའི་རྣམ་གྲངས་138དང་། སྨན་སྤྱོད་ཟད་གྲོན་རྒྱུ་ཆ་8མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཁྱབ་ཁོངས་སུ་བཅུག་པ་དང་། 2024ལོའི་ཟླ་10ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་སྨན་བཅོས་འགན་བཅོལ་དཀར་ཆག་གི་འགུལ་རྣམ་ལེགས་སྒྲིག་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ་དང་། ད་ཐེངས་ལེགས་སྒྲིག་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཞབས་ཞུའི་རྣམ་གྲངས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པའི་བསྡུར་ཚད་87%དང་68%སོ་སོར་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།