དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་2ཙམ་ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-16

    ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཁྲུན་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2023ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་དང་གློག་སྒུལ་རླངས་འཁོར་ཁྲི་68.2ཡོད་ཅིང་། ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་80%ལས་བརྒལ་ཡོད་པ་རེད། རྒྱལ་ཡོངས་སུ་ཁྱོན་གྲོང་ཁྱེར་54ཡིས་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་གི་ལམ་བུ་ཤར་གཏོང་ཐུབ་པ་དང་གཉེར་སྐྱོང་གི་ལམ་ཚད་སྤྱི་ལེ་ཁྲི་1ལྷག་ཙམ་ཟིན་ཡོད། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱིས་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་2ཙམ་ཟིན་ཡོད་པ་རེད།

    ཚེས་14ཉིན་2024ལོའི་ལྗང་མདོག་ཕྱིར་སྐྱོད་དྲིལ་བསྒྲགས་ཟླ་བ་དང་སྤྱི་སྤྱོད་རླངས་འཁོར་གྱི་ཕྱིར་སྐྱོད་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་ཅི་ལིན་ཁྲང་ཁྲུན་དུ་སྤེལ་འགོ་ཚུགས་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་གཞོན་པ་ལི་དབྱང་གིས་བྱེད་སྒོ་སྤེལ་ཡུལ་དུ་གོང་གསལ་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད།

    ལི་དབྱང་གིས་ལྗང་མདོག་ཕྱིར་སྐྱོད་དང་སྤྱི་སྤྱོད་རླངས་འཁོར་སྔོན་ལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་དེང་རབས་ཅན་གྱི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། ས་གནས་ཁག་གིས་སྤྱི་སྤྱོད་རླངས་འཁོར་སྔོན་ལ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་འགྲོ་སྐྱོད་དེ་བས་སྟབས་བདེ་དང་ནུས་ཆེ་ཡོང་བར་བྱེད་པ་དང་། ལྗང་མདོག་ཕྱིར་སྐྱོད་ལག་ལེན་བསྟར་ནས་གྲོང་ཁྱེར་གྱི་ཕྱིར་སྐྱོད་སྔར་བས་ལྗང་མདོག་དང་ཐཱན་ཉུང་དུ་གཏོང་བ། ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་གྱི་ཕྱིར་སྐྱོད་སྔར་བས་མཛའ་མཐུན་དང་དྲོ་སྐྱིད་ལྡན་པར་བྱེད་དགོས་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།