དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2024ལོའི་མཚོ་སྔོན་གྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མཐོ་སློབ་སློབ་ཐོན་སློབ་མ་ཚང་མ་ལས་གནས་སུ་སྐྱོད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-16

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་གནས་ཚུལ་ཡོངས་བསྒྲགས་བྱས་པར། 2024ལོའི་མཚོ་སྔོན་གྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལྟར་ལས་མི་བསྡུ་བ་དང་གདམ་གསེས་ལས་དོན་ལེགས་གྲུབ་ཟིན་ཏེ་ཞིང་ཆེན་ཡོངས་ཀྱི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མཐོ་སློབ་སློབ་ཐོན་སློབ་མ་1910གཞི་རིམ་ཚན་པ་ཁག་ཏུ་བསྐྱོད་དེ། ཞབས་ཞུའི་ལས་དོན་སྤེལ་ནས་གཞི་རིམ་ཤེས་ལྡན་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ་དང་གཞི་རིམ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་རྒྱུ་རེད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་ལག་བསྟར་བྱ་རྒྱུ་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་ལས་ལ་རྒྱབ་སྐྱོར་དང་། སློབ་གསོར་རྒྱབ་སྐྱོར། སྨན་བཅོས་ལ་རྒྱབ་སྐྱོར། གྲོང་གསེབ་དར་རྒྱས་ལ་རོགས་སྐྱོར་བཅས་ཀྱི་ལས་གནས་གསར་སྤེལ་རྒྱུན་མཐུད་བྱས་པའི་རྨང་གཞིའི་ཐོག་ཆུ་བེད་དོ་དམ་དང་། ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་དོ་དམ། སྐྱེ་ཁམས་སླར་གསོ་སོགས་ཞབས་ཞུའི་ལས་གནས་ལས་མི་བསྡུ་བའི་ཁྱབ་ཁོངས་སུ་བཅུག་སྟེ་གཞི་རིམ་གྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཤེས་ལྡན་པའི་དགོས་མཁོ་ཧུར་ཐག་བསྐངས་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་15ལ་མི་གྲངས་མང་དུ་བཏང་ནས་ཁྱོན་མི་950བསྡུ་རྒྱུ་རེད། མཚོ་ཤར་གྲོང་ཁྱེར་གྱི་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ས་ཡོམ་གྱི་གནོད་འཚེ་ཕོག་ཚབས་ཆེ་བའི་ས་ཁུལ་ལ་མི་གྲངས་20མང་དུ་བཏང་ཡོད། དཀའ་ངལ་ཡོད་པའི་སློབ་ཐོན་སློབ་མར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཞིང་ཆེན་ཡོངས་ཀྱིས་མི་གྲངས་80མང་དུ་བཏང་བ་དེ་དབུལ་སྒྲོལ་དུད་ཚང་དང་། ལས་ཞུགས་པ་མེད་པའི་ཁྱིམ་ཚང་། དབང་པོ་སྐྱོན་ཅན། “སྦྲང་ཆར་འཆར་གཞི”སོགས་དཀའ་ངལ་ཡོད་པའི་མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་ནས་ལས་ཞུགས་ཀྱི་ནུས་པ་ཆེ་རུ་དང་གང་མགྱོགས་ལས་ཞུགས་ཐུབ་པར་རོགས་རམ་ཧུར་ཐག་བྱས་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཤེས་ལྡན་པར་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱ་ཆེད། ལས་མི་བསྡུ་བ་དང་འདེམས་བསྐོའི་ལས་དོན་ཁྲོད་ཡོངས་བསྒྲགས་འདྲ་མཉམ་དང་འགྲན་རྩོད་ལེགས་འདེམས་མཐའ་འཁྱོངས་བྱས་ཏེ། མི་སྤྱོད་ཚན་པའི་དགོས་མཁོ་དང་ཞབས་ཞུའི་མི་སྣའི་ཆེད་ལས་དམིགས་བསལ་ཁྱད་ཆོས་དང་གནད་སྨིན་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོ་བསྡུས་པ་དང་འདེམས་སྒྲུག་བརྒྱབ་པའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མཐོ་སློབ་སློབ་ཐོན་སློབ་མའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་སློབ་ཐོན་སློབ་མ་ན་ནིང་ལས་114མང་དུ་ཕྱིན་ནས་61.3%བཟུང་ཞིང་། སློབ་རྒྱུས་དང་སྤྱི་ཡོངས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།