དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་པའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-16

    ཉེ་ཆར། 2024ལོའི་ལྗོངས་ཡོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་པའི་ལས་དོན་གཏིང་ཟབ་དང་རྒྱ་ཆེར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་གཞིས་རྩེར་སློབ་འགོ་ཚུགས་པ་རེད།

    གསོ་སྦྱོང་ནང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་དང་ལྷོ་ནུབ་སློབ་ཆེན་གྱི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཁྲིད་ཟུར་ཁྲིད་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་གསོ་སྦྱོང་བྱས་པ་མ་ཟད། སློབ་མ་སྒྲིག་འཛུགས་བྱས་ནས་གཞིས་རྩེ་གྲོང་ཁྱེར་གྱི་མཚོན་བྱེད་རང་བཞིན་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། སུའོ། ས་ཚིགས་བཅས་ལ་རྟོག་ཞིབ་དང་ལྟ་སྦྱོང་བྱས་པ་དང་འབྲེལ་སློབ་སྦྱོང་དང་སྤེལ་རེས་ཀྱང་བྱས་པ་རེད། གསོ་སྦྱོང་ལ་བརྟེན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་པའི་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་དང་རིམ་པ་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། གཞི་རིམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྒྱུད་སྤེལ་དང་བསམ་བློ་ཆབ་སྲིད་ལས་དོན་གྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་གི་ནུས་པ་དངོས་སུ་འདོན་སྤེལ་ཐུབ་ནས་རང་ལྗོངས་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་མི་སྣའི་ལས་སྒོའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།