དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-16

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་དོན་དངོས་ལ་གཞི་ཚུགས་ནས《གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་བཏོན་ནས་གློག་སྡོང་སྐྲུན་པ་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བར་རྒྱབ་སྐྱོར་བྱས་པ་རེད། རང་ལྗོངས་ཀྱིས་རྒྱལ་ནང་གི་སྔོན་ཐོན་གྲས་ཡིན་པའི་ཧྭ་ཝུའེ་ཀུང་སིའི་གཤེར་གྲང་མྱུར་གསོག་སྒྲིག་ཆས་དང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སོགས་ཁེ་ལས་བཅུ་ལྷག་ཙམ་གདན་དྲངས་ཏེ་གློག་སྡོང་འཛུགས་སྐྲུན་ལ་ཞུགས་ཤིང་། མིག་སྔར་རང་ལྗོངས་སུ“གྲོང་ཁྱེར་གྱི་རྣམ་པ་དང་། གཞུང་ལམ་གྱི་རྣམ་པ། གྲོང་གསེབ་ཀྱི་རྣམ་པ”བཅས་ཀྱི་གཅིག་སྡུད་རྣམ་པའི་གློག་གསོག་ཁང་གིས་གཙོས་པའི་ཁ་ཐོར་རྣམ་པའི་གློག་སྡོང་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མ་ལག་ཅིག་རགས་ཙམ་ཆགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་བཟུང་། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་གློག་གསོག་སྒྲིག་ཆས་144བསྐྲུན་ཅིང་། 2023ལོ་ནས་བཟུང་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་རྒྱལ་ལམ་318ལམ་རྒྱུད་ཀྱི་བོད་ལྗོངས་དུམ་བུ་དང་ལྷ་ཉིང་མྱུར་བགྲོད་གཞུང་ལམ་གྱི་གློག་སྡོང་སྐྲུན་པར་སྤྱི་འདོམས་སྐུལ་འདེད་བཏང་ནས་ད་ཆ་གློག་སྒྱུར་ས་ཚིགས་18བསྐྲུན་ཡོད། མིག་སྔར་རྒྱལ་ལམ་318རྒྱུད་ཀྱི་བོད་ལྗོངས་དུམ་བུ་(གྲོང་ཁུལ་གཙོ་བོ་དང་། གཙོ་གནད་ས་ཁོངས། ལམ་རྒྱུད་བཅས་ཚུད)རུ་གློག་གསོག་ས་ཚིགས་80ལྷག་ཙམ་བསྐྲུན་ཟིན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་དགོས་མཁོ་རགས་ཙམ་བསྐངས་ཡོད་པ་རེད།

    རང་ལྗོངས་ཀྱིས་བཏོན་པའི《གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང་2025ལོའི་ལོ་མཇུག་ཏུ་ཁྱབ་ཚུལ་དོ་སྙོམས་དང་འོས་འཚམ་ཚད་བརྒལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་རགས་ཙམ་སྐྲུན་ཐུབ་པར་བྱེད་རྒྱུ་ཡིན་ཞིང་། དེའི་ནང་རྒྱལ་ལམ་318རྒྱུད་ཀྱི་སྨར་ཁམས་ནས་དིང་རིའི་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་བར་གློག་སྡོང་117དང་གློག་གསོག་རླངས་འཁོར་འཇོག་ས་226བསྐྲུན་རྒྱུ་ཁ་གསལ་བཏོན་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོའི》ནང“2025ལོར་སླེབས་སྐབས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར་ཁྱབ་ཁོངས་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་100%དང་15%ཟིན་རྒྱུ་རེད”ཅེས་ཁ་གསལ་བཏོན་ཡོད། རང་ལྗོངས་ཀྱིས་ད་དུང་འཛད་སྤྱོད་པས་ནུས་རྒྱུ་གསར་པའི་རླངས་འཁོར་གསར་པ་ཉོ་བར་འབར་སྣུམ་རླངས་འཁོར་གསར་པའི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་སྒོར་2000མང་དུ་བཏང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།