དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་10བཏང་ནས“བྱང་གསུམ”ལས་གྲྭར་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-15

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་གཏམ་བཟང་གྲགས་ཤིང་། མཚོ་སྔོན་གྱིས་རྨ་ནུབ་དོག་ལམ་གྱི་ཐཱ་ཁེ་ལཱ་མ་ཀན་བྱེ་ཐང་གི་མཐའ་སྣེའི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིང་གིས་2024ལོའི་ཀྲུང་དབྱང་གི“བྱང་གསུམ”ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་10ཙམ་སྔ་རྗེས་སུ་བཏང་ནས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱིས་ནགས་རྩྭ་འདམ་རྒོད་གཞི་གཅིག་ཅན་ངང་སྲུང་སྐྱོང་ཉམས་གསོ་དང་། བྱེ་འགོག་བྱེ་བཅོས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ། དེ་བཞིན་བྱེ་འགྱུར་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁ་གསབ་སོགས་ཀྱི་རྣམ་གྲངས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱས་པ་རེད། “བྱང་གསུམ”ལས་གྲྭ་ཁུལ་གྱི་གནད་ཐིག་ངོས་གསུམ་ཟུང་དུ་འབྲེལ་བའི་སྐྱེ་ཁམས་འགོག་སྲུང་དྲ་བ་བཙུགས་ཏེ“བྱང་གསུམ”ལས་གྲྭ་ཁུལ་གྱི་ཆུ་རྩྭ་གསོ་འཁྱོངས་དང་རྩྭ་ཐང་སྐྱེ་ཁམས་མ་ལག་གི་སྤུས་ཚད་མཐོ་རུ་དང་བརྟན་པོའི་རང་བཞིན་ཆེ་རུ་བཏང་བ་དང་། གསེར་ཆེན་གཤོངས་སའི་བྱེ་འགྱུར་གྱི་གནོད་འཚེ་ཆུང་དུ་ནུས་ལྡན་བཏང་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་བཅོས་སྐྱོང་ཕན་འབྲས་བརྟན་དུ་བཏང་བ་རེད།

    མཚོ་སྔོན་གྱི“བྱང་གསུམ”ལས་གྲྭའི་དུས་ཐེངས་དྲུག་པའི་འཛུགས་སྐྲུན་ཁུལ་དེ་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་ཀྲོའུ། མཚོ་ལྷོ་ཀྲོའུ། མཚོ་ནུབ་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཅས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)31ལ་ཁྱབ་པ་དང་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་35.62ཟིན་ཡོད། 1978ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་61.31བཏང་སྟེ“བྱང་གསུམ”འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་ལས་གྲྭ་མུ་མཐུད་ལག་བསྟར་བྱས་ཤིང་། རིམ་རྩིས་བྱས་ན། མི་ཐབས་ནགས་བཟོ་རྒྱ་ཁྱོན་སྤྱི་ཆིང་ཁྲི་97.65དང་རི་རྒྱ་ནགས་གསོ་རྒྱ་ཁྱོན་སྤྱི་ཆིང་ཁྲི་107.08བྱས་ཡོད་པ་རེད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ལས་གྲྭའི་ཁུལ་གྱི་བྱེ་ཐང་ཅན་གྱི་རྣམ་པ་ཁྱོན་ཡོངས་ནས་བཀག་ཐུབ་པ་བྱུང་བ་མ་ཟད། ས་ཆུ་ཤོར་བར་ཚོད་འཛིན་ནུས་ལྡན་ཐུབ་ནས་སྐྱེ་ཁམས་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་གིས་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི“བྱང་གསུམ”ལས་གྲྭའི་ཆེད་སྤྱོད་མ་དངུལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་རྩིས་གཏོང་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་རྗེས་དོ་དམ་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་མ་དངུལ་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་ར་ཅན་དང་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་འགྲོ་བར་སྐུལ་འདེད་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ། “བྱང་གསུམ”ལས་གྲྭའི་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་མང་དུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་གྱི“བྱང་གསུམ”ལས་གྲྭར་སྐུལ་འདེད་བདེ་བླག་གཏོང་བར་འགན་ལེན་ནུས་ལྡན་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།