གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན།
“སེ་འབྲུའི་རྡོག་ལྟར་གྱི་ཁྱིམ་གཞིས”ནས་སྐྱིད་པའི་གླུ་སྒྲ་ལྷང་ལྷང་གྲགས།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བརྟན་གཡང་སྐྱིད་ཀྱིས་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་གི་རུ་མིས་འཁྲབ་སྟོན་གྱི་བར་གསེང་དུ་ངལ་གསོ་བཞིན་པ།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་གྱོན་ཆས་ཚོང་པ་ཧུད་རིགས་མཱ་ཀ་ཏུང་གིས་མགྲོན་པོར་རྒྱན་ཆ་སྟོན་བཞིན་པ།
འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་གྱོན་ཆས་ཚོང་པ་ཧུད་རིགས་མཱ་ཀ་ཏུང་དང་བཟའ་ཟླ་བཀྲ་ཤིས་ལྷ་འཛོམས་གླེང་མོལ་བྱེད་བཞིན་པ།
ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཞོགས་ཟས་རྩམ་པ་བཟས་རྗེས་ལོ་དྲུག་ཅུར་སླེབས་པའི་བོད་རིགས་ཡུལ་མི་ཚེ་རིང་དབང་མོས་སྡེ་ཁུལ་རིག་རྩལ་རུ་ཁག་གི་རུ་མིའི་སྣེ་ཁྲིད་དེ་མི་རིང་བར་འགྲན་བསྡུར་ལ་ཞུགས་རྒྱུའི་གླུ་གཞས《ཨ་མ་གཅིག་གི་བུ་མོ》ཞེས་པ་ནང་སྦྱོང་མཐའ་མ་དེ་བྱས་ཤིང་། ཁོང་གིས“ལུས་ལ་མི་རིགས་མི་འདྲ་བའི་གྱོན་གོས་གྱོན་ནས་མི་རིགས་ཁག་གི་ཁྱད་ཆོས་ཟབ་མོ་ལྡན་པའི་གླུ་གར་འཁྲབ་སྟོན་བྱས་པར་སྤོབས་པ་ཆེན་པོ་སྐྱེ་གི་འདུག”ཅེས་བཤད།
ཚེ་རིང་དབང་མོའི་ཁྱིམ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཡོད་ཅིང་། དེ་གར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། སོག་རིགས། ཏུང་ཞང་རིགས་སོགས་མི་རིགས་13གྱི་མང་ཚོགས་འདུས་སྡོད་བྱེད་ཀྱི་ཡོད་ལ། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་96.8%བཟུང་ཡོད། གསར་འགོད་པ“གངས་ལྗོངས་ས་མཐོར་རྣམ་པ་གསར་པ་མངོན”ཞེས་པའི་བརྟག་ཞིབ་བཅར་འདྲི་ཚོགས་པ་དང་མཉམ་དུ་གནས་དེར་ཡོང་ནས། མི་རིགས་ཁག་དབར་ཕན་ཚུན་རོགས་རམ་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟོལ་མེད་ཀྱི་བརྩེ་སེམས་ཚོར་བར་བྱས་ལ་མི་རིགས་ཁག་གི་མང་ཚོགས་དབར་གཅིག་སེམས་གཅིག་སྦྲེལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱང་ཉན་པ་ཡིན།
སྡེ་ཁུལ་གྱི“སེ་འབྲུའི་རྡོག་ལྟར་གྱི་ཁྱིམ་གཞིས”ནང་ཚེ་རིང་དབང་མོས་གསར་འགོད་པར“ལོ་18ལ་སླེབས་པའི་ལོ་དེར་ང་རང་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཡར་མོ་ཤང་ནས་འདི་གར་ཡོང་སྟེ་ལས་གཏོད་བྱས་པ་ཡིན། ཐོག་མར་མ་དངུལ་དང་། མི་སྣ། ས་ཆ་བཅས་གང་ཡང་མེད། དེ་དུས་རྒྱ་རིགས་དང་པའེ་རིགས་སྤུན་ཟླས་ལག་རྩལ་བསླབས་ནས་ལྷག་བསམ་ཟོལ་མེད་ཀྱིས་རོགས་སྐྱོར་བྱས་པས། གཞི་ནས་ངས་དམངས་སྲོལ་རྒྱན་ཆ་ཚོང་ཁང་དེ་གཉེར་ཐུབ་པ་དང་། ད་ཆ་ཟླ་རེའི་ཕྱིར་འཚོང་དངུལ་འབོར་སྒོར་ཁྲི་ཡན་ཟིན་གྱི་ཡོད”ཅེས་བཤད།
ཚེ་རིང་དབང་མོས“སྡེ་ཁུལ་གྱི་སྒྲིག་འཛུགས་འོག་ངས་ད་དུང་མི་རིགས་ཁག་གི་གྲོང་མི་200ལྷག་ཙམ་གྱི་སྣེ་ཁྲིད་དེ་སྒྲ་སྙན་སྦྱངས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་སྒྲིག་རྩོམ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་གླེང་བ་ཡིན”གྲོང་མི་ཚང་མ་ཁྱིམ་ཚང་གཅིག་ལྟར་དགའ་དགའ་སྤྲོ་སྤྲོ་དང་གཅིག་སེམས་གཅིག་ལ་འབྲེལ་ཡོད་ཅེས་བརྗོད།
ཁྲོམ་གཞུང་འགའ་བརྒྱུད་རྗེས་བོད་རིགས་ཀྱི་རྒྱན་གོས་ཚོང་ཁང་ཞིག་གི་མདུན་དུ་ཧུད་རིགས་སྦྱིན་བདག་མཱ་ཀ་ཏུང་གིས་སྤྱི་སྐད་ཐོག་ནས་ཕར་འགྲོ་ཚུར་འོང་གི་ཡུལ་སྐོར་བར་མགུལ་རྒྱན་ངོ་སྤྲོད་བྱེད་ཀྱི་ཡོད་ཅིང་། གསར་འགོད་པ་ཁོང་དང་མཉམ་དུ་ཚོང་ཁང་གི་ཐོག་སོ་གཉིས་པའི་ཁྱིམ་དུ་སྐྱོད་སྐབས། ནུབ་བྱང་གི་ཁྱད་ཆོས་ལྡན་པའི་ཚ་ཁྲིའི་སྟེང་བོད་བཟོའི་ཁྱད་ཆོས་ལྡན་པའི་ཅོག་ཙེ་ཆུང་ཆུང་ཞིག་ཡོད་པ་དང་། དེའི་ཐོག་ཆུ་འཁོལ་དང་ཇ་བསྲུབས་མའི་ཕོར་པ་བཞག་འདུག “ལོ་གསར་དང་དུས་ཆེན་སྐབས་ངས་མི་རིགས་ཁག་གི་གྲོགས་པོ་ཚོ་ཁྱིམ་དུ་མགྲོན་པོར་འབོད་ཀྱི་ཡོད། ས་ཆ་འདི་གའི་བོད་རིགས་གྲོགས་པོ་མི་ཉུང་བ་ཞིག་ཀྱང་འདྲེ་ཚེར་མ་དང་། ཤེལ་ཀ་ར། ཇ་ལོ་བཅས་བླུགས་པའི་ཇ་ལ་དགའ་པོ་བྱེད་ཀྱི་འདུག”ཅེས་མཱ་ཀ་ཏུང་གིས་འཛུམ་དམུལ་དམུལ་ངང་བཤད།
1988ལོར་ལོ་20ལ་སླེབས་པའི་མཱ་ཀ་ཏུང་ནི་ཀན་སུའུ་ཡི་ཀ་ཆུ་ནས་གཞིས་རྩེར་གླ་པར་ཡོང་བ་རེད། ཕྱིས་སུ་ས་ཆ་འདི་གའི་བོད་རིགས་བུ་མོ་བཀྲ་ཤིས་ལྷ་འཛོམས་དང་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་བསྐྱངས་ཤིང་། 2006ལོར་བཟའ་ཟླ་དང་གྲོགས་པོའི་རྒྱབ་སྐྱོར་འོག་མཱ་ཀ་ཏུང་གིས་བོད་ཆས་ཀྱི་ཚོང་རྒྱག་འགོ་ཚུགས་པ་རེད། ཁོང་གིས“ལྷ་ས་ནས་དངོས་ཟོག་འཐེན་ཏེ་སྤུས་འབོར་གཉིས་ཀ་འགན་ལེན་བྱས་ན་གྱོན་གོས་རེ་ནས་ཁེ་བཟང་སྒོར་3རག་གི་ཡོད། ཁེ་བཟང་ཆུང་ཡང་ཚོང་བྲིན་ཁ་རྒྱུག་པོ་འདུག”ཅེས་བཤད།
འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་བ་དང་བསྟུན་ནས་མཱ་ཀ་ཏུང་ལ་བོད་ཆས་ལག་ཤེས་བཟོ་རྩལ་ཚོང་ཁང་བཙུགས་ནས་མི་རིགས་ཁག་གི་མང་ཚོགས་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱ་རྒྱུའི་བསམ་བློ་འཁོར། ཁོང་གིས“ཚང་མ་ཕྱུག་པོ་ཆགས་པའི་ལས་ཀ་ཞིག་བྱེད་འདོད་འདུག”ཅེས་བཤད་ཅིང་། ཁོང་གིས་ས་ཆ་གླས་པ་དང་འཚེམ་འཁོར་ཉོས་ནས་ཉེ་འཁོར་གྱི་རྫོང་དང་ཆུས་ཀྱི་ཞིང་འབྲོག་པ་བསྡུས་ཏེ་མཉམ་དུ་བོད་ཆས་བཟོ་སྟངས་བསླབས་པ་དང་། “ད་ཆ་ཡོང་འབབ་མང་ཤོས་ཀྱི་མང་ཚོགས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་ཡོད”ཅེས་བརྗོད་པ་རེད།