དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏུན་ཧོང་གི་གླུ་གར་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐའེ་དབན་གྱི་མཐོ་སློབ་གསུམ་ལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-15

    ཤིན་ཧྭ་གསར་འགྱུར་ཁང་ཐའེ་པེ་ནས་གློག་འཕྲིན་འབྱོར་གསལ། “དྲི་ཟའི་དབྱངས་དང་གར་གྱི་སྟངས་སྟབས——ཏུན་ཧོང་གི་གླུ་གར་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ཉིན་ཤས་གོང་ཐའེ་དབན་སྒྱུ་རྩལ་སློབ་ཆེན་དུ་གཉེར་བ་དང་། རྗེས་མཐུད་ད་དུང་ཏུང་ཧྭ་སློབ་ཆེན་དང་ཧྥེང་ཅ་སློབ་ཆེན་དུ་སྐོར་སྐྱོད་འགྲེམས་སྟོན་བྱ་རྒྱུ་ཡིན་ཞིང་། དེ་ནི“ཏུན་ཧོང་གི་རིག་གནས་སྒྱུ་རྩལ་འགྲེམས་སྟོན”བྱེད་སྒོ་རིམས་ནད་རྗེས་དྲ་ཕྱིར་གཉེར་ཐེངས་དང་པོ་ཡིན་པ་རེད།

    ད་རེས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ནི་ཐའེ་དབན་ཧྲེང་ཁྲུན་ཁྲེ་རིག་སློབ་ཐེབས་རྩ་ལྷན་ཚོགས་དང་། ཏུན་ཧོང་ཞིབ་འཇུག་ཁང་། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། བྱེད་སྒོའི་འགྲེམས་སྟོན་ཁུལ་ཚང་མར་རིན་མེད་ལྟ་སྐོར་བྱེད་ཆོག་ལ། དུས་མཚམས་དབྱེ་ནས་ཤིན་པེ་དང་། ཧྭ་ལེན། ཐའེ་ཀྲུང་བཅས་ས་ཆ་གསུམ་གྱི་མཐོ་སློབ་ཏུ་2025ལོའི་ཟླ་1ཚེས་8ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

    ཐའེ་དབན་ཧྲེང་ཁྲུན་ཁྲེ་རིག་སློབ་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་ཧྲི་ཅིང་ཝུན་གྱིས“ཏུན་ཧོང་རིག་གནས་སྒྱུ་རྩལ་འགྲེམས་སྟོན”དེ་2016ལོར་སློབ་གྲྭ་ཁག་ཏུ་སྐོར་སྐྱོད་འགྲེམས་སྟོན་བྱས་ཚུན་གཞོན་ནུ་གྲོགས་པོ་མང་པོའི་དོ་ཁུར་དང་དགའ་ཞེན་ཐོབ་ཡོད། སྐབས་འདིའི་འགྲེམས་སྟོན་ནང་རི་མོ་དང་རོལ་ཆ་སྣ་ཚོགས་སོགས་ཏུན་ཧོང་དུ་འདྲ་བཟོ་བྱས་རྗེས་ཐའེ་དབན་དུ་འཁྱེར་ཡོང་ཡོད་ཅེས་བརྗོད།

    ཧྲི་ཅིང་ཝུན་གྱིས་ད་ལོའི་འགྲེམས་སྟོན་ལ་ཏུན་ཧོང་ཞིབ་འཇུག་ཁང་གི་མཁས་དབང་མང་པོ་ཆེད་མངགས་ཐའེ་དབན་དུ་འགྲེམས་སྟོན་བཀོད་སྒྲིག་དང་སྦྲགས་ལྟ་སྐོར་ཁྲིད་སྟོན་བྱེད་པར་གདན་དྲངས་ཡོད། གཞན་ཡང་། ད་དུང་རིམ་སྤེལ་གྱི་ཆེད་དོན་འཆད་འཁྲིད་ཀྱང་གཉེར་རྒྱུ་རེད། “དེ་བས་ཆེད་ལས་ཀྱི་ལྟ་སྐོར་ཁྲིད་སྟོན་གྱི་ངོ་སྤྲོད་དང་སློབ་ཚན་ལ་བརྟེན་ནས་དམངས་ཚོགས་ཚོས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་ཞོར་ཏུན་ཧོང་གི་མཛེས་ཉམས་ལ་མྱོང་ཚོར་དེ་བས་ཟབ་མོ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།